ཡུལ་མི་ཚོ་དང་རང་འཐག་འཁོར་ལོ།

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-29

རང་འཐག་འཁོར་ལོ་ནི་ཡུལ་མི་ཚོ་དང་ཁ་བྲལ་ཐབས་མེད་པ་ཞིག་ཡིན
ཡུལ་མི་ཚོའི་འབྲུ་དྲུག་དེ་རང་འཐག་འཁོར་ལོའི་ཁ་ཟས་ཁོ་ན་ཡིན
 
རང་འཐག་འཁོར་ལོ
སྔོན་ཆད་སྔོན་ཆད་ཅིག་ལ་མི་འཇོན་ཐང་ཅན་ཞིག་གི་བློ་གྲོས་ལས་འཁྲུངས་པ་ནས་བཟུང
ཁྱེད་ཉིད་ལག་པས་བསྐོར་མྱོང་ལ  དྭངས་མོ་ཆུ་ཡིས་ཀྱང་བསྐོར་མྱོང
དེ་དག་ནི་རྡོ་ཡིས་གྲུབ་པ་ཡིན
དེ་དག་གིས་འབྲུ་རྡོག་རེ་རེ་བཞིན་ཕྱེ་རྡུལ་དུ་བརྡར་བས
ཡུལ་མི་ཚོའི་འདོད་འདུན་དེ་ཡང་སྐོང་ཐུབ་ཀྱིན་ཡོད
 
ད་ལྟ་ཚན་རིག་ཅེས་པ་ཞིག
འགོག་ཐབས་མེད་པའི་བཙན་འཛུལ་བ་ཞིག་དང་བར
རི་མཐོ་ས་གཙང་གི་མཐོ་སྒང་འདིར་ཐོན་པ་ནས་བཟུང
ལག་པས་བསྐོར་མྱོང་བྱས་མྱོང་བའི་རང་འཐག་འཁོར་ལོ་ཞིག
འདྲ་པར་ཞིག་གི་ངོས་ན་མ་གཏོགས་མཐོང་རྒྱུ་མི་འདུག
ཆུ་ཡིས་འཁོར་བའི་རང་འཐག་འཁོར་ལོ་ཞེས་པ་ཞིག་གི
ལྷུ་ལག་ཆེན་པོ་འགའ་དང
ཆུ་ཡིས་འཁོར་བའི་མ་ཎི་ཆུ་འཁོར་ཟེར་བ་ཞིག་ལས་ཐོས་རྒྱུ་མི་འདུག
 
ད་ལྟ་ཡོད་ཚད་སྲ་མོ་ལྕགས་ཀྱིས་གྲུབ་པ་ཡིན
ད་ལྟ་ཡོད་ཚད་འགྲན་མེད་གློག་གིས་བསྐོར་གྱིན་ཡོད
ད་ལྟ་ཡུལ་མི་ཚོས་ཕྱེ་ཡི་དཀར་ནག་བཤད་ཀྱིན་འདུག
ད་ལྟ་ཡུལ་མི་ཚོས་རང་འཐག་འཁོར་ལོའི་མགྱོགས་ཚད་གླེང་གིན་འདུག
 
དཔྱིད་ཀ་དང་སྟོན་མཇུག་སླེབས་ཐེངས་རེར
ཡུལ་མི་ཚོས་རང་འཐག་འཁོར་ལོའི་བཟང་ངན་གླེང་གིན་ཡོད
ལ་ལས་ར་གཤོང{1}་བཟང་ཟེར
ལ་ལས་ཨོ་ལུ་ཅི{2}་དཀར་ཟེར
དུས་ཚིགས་འདི་ནི
ཡུལ་མི་ཚོས་རང་འཐག་འཁོར་ལོར་འདེམས་ཤོག་འཕེན་པའི་ལོ་ཟླ་དེ་རེད
 
འདི་ལྟར་མིའི་ཤུགས་ནས་ཆུའི་ཤུགས་དང
ཆུའི་ཤུགས་ནས་གློག་ཤུགས་སུ་འཕེལ་བར་ལོ་ཟླ་ག་ཚོད་སོང་བ་མི་ཤེས་མོད
ཡིན་ན་ཡང  ལོ་ཟླ་འདི་དག་གིས
ཏིང་འཛིན་ལ་བཞུགས་པའི་ངའི་ཡུལ་མི་ཚོ
ལྷིང་འཇགས་ཀྱིས་སྡོད་མི་ཚུགས་ཤིང
གོམ་པ་ཡིས་རྗེས་མི་ཆོད་པའི་དུས་རབས་འདིའི་བར་ཀློང་ནས་གཉིད་ལས་བསླངས་བྱུང
 
ད་ལྟ་ཡུལ་མི་ཚོར་ལྕགས་ཀྱིས་གྲུབ་པ་ཙམ་དང
གློག་གིས་བསྐོར་བ་ཙམ་གྱིས་འདོད་འདུན་དེ་སྐོང་ཐུབ་ཀྱིན་མི་འདུག
ཡུལ་མི་ཚོས་ད་ལྟ་ཕྱི་ནང་ཀུན་ལ་གཙང་དག་བྱ་བཞིན་འདུག
ད་ལྟ་ཡུལ་མི་ཚོས་ཕྱི་རོལ་འཇིག་རྟེན་ཟེར་བ་ཞིག་མཐོང་གིན་འདུག
ད་ལྟ་ཡུལ་མི་ཚོས་དངོས་བོའི་དཔལ་ཡོན་ཟེར་བ་ཞིག་དང
འཕེལ་རྒྱས་ཟེར་བ་ཞིག་ཀྱང་དལ་གྱིས་གཉེར་བཞིན་འདུག
 
རང་འཐག་འཁོར་ལོ་དང་ཡུལ་མི་ཚོའི་བར་ན་བརྗོད་ཐབས་བྲལ་བའི་བརྩེ་བ་ཞིག་ཡོད
ཡུལ་མི་ཚོ་དང་རང་འཐག་འཁོར་ལོའི་བར་ན་འཕེལ་རྒྱས་ཤིག་གི་བརྒྱུད་རིམ་ཡོད
བརྩེ་བ་དེར་སྐྱིད་སྡུག་འདྲེས་མའི་ལོ་ཟླ་མང་བོ་ཞིག་འདུས་ཤིང
བརྒྱུད་རིམ་དེ་འཁྱོག་བརྗོད་མེད་པའི་ལོ་རྒྱུས་ཤིག་ཡིན
 
ཡུལ་མི་ཚོ་ངའི་ཟུངས་ཁྲག་ཡིན
ཁོ་ཚོ་རང་འཐག་འཁོར་ལོ་དང་འདྲ་བར་འཕེལ་རྒྱས་བྱུང་ན
ངའང་ཁོ་ཚོའི་དྲིན་ལ་གནམ་ལྡིང་ས་ལྡིང་བྱས་ཆོག་ཆོག་ཡིན
                                             ༢༠༡༡ ༧ ༢༠ ཕ་ཡུལ་ནས་སྦྱར།
མཆན།
{1}{2}ཞོན་ཧྭའམ་ཡ་རྫི་ས་ཆའི་ས་མིང་གཉིས་ཡིན།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡུལ་མི་ཚོ་དང་རང་འཐག་འཁོར་ལོ།

2011-09-29 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།