ལྷོ་རུ་འཕུར་བའི་ཁུ་བྱུག


ས་སྒང་ཆུང་ཆུང་ཞིག་གི་བདག་པོར་གྱུར་མྱོང་བའི་བྱིས་པ་པྲ་ཚག་ཅིག
ལག་ཟུང་རྣག་ཁྲག་གིས་གཡོགས་པའི་དཀའ་སྡུག་ཁྲོད་བཞེངས་པའི་ཕོ་བྲང་དེའི་ནང་ནས།
བདེ་སྐྱིད་ཀྱི་འཚོ་བ་ཞིག་ལོངས་སུ་སྤྱོད་འདོད་རུང་།
ལས་དབང་གི་གོ་སྒྲིག་ཞིག་ལས་བདུད་ཀྱི་རླུང་འཚུབ་ཅིག་དང་འགྲོགས་ནས་
དཀའ་སྡུག་གི་ལོ་ཟླ་ག་ཙམ་ཕྱིན་ཡང་།
ཡོད་ཚད་ལ་ཚི་དྲེག་ཆགས་པའི་ཀླད་རྙིང་དག་གིས་
མིག་མདུན་གྱི་དགྲ་བོ་ཤ་ཉེ་རུ་བསྒོམས་ཏེ་ཁྱེད་ཕྱོགས་ལ་ཅེར་ནས་བསྡད།
ཁོ་ཚོའི་སེམས་ནང་ན་རང་ཉིད་ཀྱི་ལག་ཟུང་ནུས་མེད་ཅིག་ཏུ་རློམ་ཞིང་།
རང་ཉིད་ནི་ནམ་ཡང་ལྷ་ལྷ་མོའི་བྲན་གཡོག་ཅིག་ཏུ་བརྩིས་ཡོད།
ཕོ་བྲང་དམར་པོའི་ཐོག་ཁང་ན་སྤྲེའུ་བཞིན་རྩེད་ཅིང་
ལྷིང་འཇགས་ལ་དགའ་བའི་བྱིས་པ་དེ།
བདུད་ཀྱི་དཔུང་ཚོགས་ཤིག་གི་མདུན་ཕྱོགས་ནས་བཙན་གྱིས་ལངས་ཤིང་
ཁྲོམ་ནང་གི་སྦལ་བ་ལྟར་ཉལ་བའི་རང་ཉིད་ཀྱི་
དཔུང་སྡེ་ལ་ཇི་ལྟར་བལྟས་ཀྱང་།
མིག་མཐའ་ན་མཆི་མ་ཤམ་ཤུམ་དུ་བཞུར་ཞིང་
སེམས་ཁོང་ན་ཟུག་གཟེར་དྲག་ཏུ་རྒྱས་པ་དག་གིས།
ད་དུང་རང་ཉིད་དང་ཧ་ཅང་རྒྱང་ཐག་རིང་བའི་
དཀོན་མཆོག་དང་ལྷ་ལྷ་མོ་དག་ལ་རེ་བའི་བལྟས་ཤིང་
སེམས་ཀྱིས་བསྒོམས་ནས་
དྭངས་གཙང་གི་ཁ་དབུས་ཁྲོད་འཚར་ལོངས་བྱུང་བའི་
བྱིས་པ་དེའི་མི་ཚེ་སྡུག་ལ་སྦྱར།
མི་འདོད་པའི་རླུང་འཚུབ་དེ་ཤུགས་དྲགས་པས་
རྩེད་ལ་དགའ་བའི་བྱིས་པ་དེ་མཚན་མོའི་སྐར་མ་དང་འགྲོགས་ནས་
རྒྱུས་མེད་ཀྱི་ས་ཆ་ཞིག་ཨུ་ཚུགས་ཀྱིས་འགྲིམ་དགོས་བྱུང་།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷོ་རུ་འཕུར་བའི་ཁུ་བྱུག

2011-09-26 ཏཱ་ནི་སྦྱིན་པ། ཀློག་གྲངས། མཆན ཡོད།


ས་སྒང་ཆུང་ཆུང་ཞིག་གི་བདག་པོར་གྱུར་མྱོང་བའི་བྱིས་པ་པྲ་ཚག་ཅིག
ལག་ཟུང་རྣག་ཁྲག་གིས་གཡོགས་པའི་དཀའ་སྡུག་ཁྲོད་བཞེངས་པའི་ཕོ་བྲང་དེའི་ནང་ནས།
བདེ་སྐྱིད་ཀྱི་འཚོ་བ་ཞིག་ལོངས་སུ་སྤྱོད་འདོད་རུང་།
ལས་དབང་གི་གོ་སྒྲིག་ཞིག་ལས་བདུད་ཀྱི་རླུང་འཚུབ་ཅིག་དང་འགྲོགས་ནས་
དཀའ་སྡུག་གི་ལོ་ཟླ་ག་ཙམ་ཕྱིན་ཡང་།
ཡོད་ཚད་ལ་ཚི་དྲེག་ཆགས་པའི་ཀླད་རྙིང་དག་གིས་
མིག་མདུན་གྱི་དགྲ་བོ་ཤ་ཉེ་རུ་བསྒོམས་ཏེ་ཁྱེད་ཕྱོགས་ལ་ཅེར་ནས་བསྡད།
ཁོ་ཚོའི་སེམས་ནང་ན་རང་ཉིད་ཀྱི་ལག་ཟུང་ནུས་མེད་ཅིག་ཏུ་རློམ་ཞིང་།
རང་ཉིད་ནི་ནམ་ཡང་ལྷ་ལྷ་མོའི་བྲན་གཡོག་ཅིག་ཏུ་བརྩིས་ཡོད།
ཕོ་བྲང་དམར་པོའི་ཐོག་ཁང་ན་སྤྲེའུ་བཞིན་རྩེད་ཅིང་
ལྷིང་འཇགས་ལ་དགའ་བའི་བྱིས་པ་དེ།
བདུད་ཀྱི་དཔུང་ཚོགས་ཤིག་གི་མདུན་ཕྱོགས་ནས་བཙན་གྱིས་ལངས་ཤིང་
ཁྲོམ་ནང་གི་སྦལ་བ་ལྟར་ཉལ་བའི་རང་ཉིད་ཀྱི་
དཔུང་སྡེ་ལ་ཇི་ལྟར་བལྟས་ཀྱང་།
མིག་མཐའ་ན་མཆི་མ་ཤམ་ཤུམ་དུ་བཞུར་ཞིང་
སེམས་ཁོང་ན་ཟུག་གཟེར་དྲག་ཏུ་རྒྱས་པ་དག་གིས།
ད་དུང་རང་ཉིད་དང་ཧ་ཅང་རྒྱང་ཐག་རིང་བའི་
དཀོན་མཆོག་དང་ལྷ་ལྷ་མོ་དག་ལ་རེ་བའི་བལྟས་ཤིང་
སེམས་ཀྱིས་བསྒོམས་ནས་
དྭངས་གཙང་གི་ཁ་དབུས་ཁྲོད་འཚར་ལོངས་བྱུང་བའི་
བྱིས་པ་དེའི་མི་ཚེ་སྡུག་ལ་སྦྱར།
མི་འདོད་པའི་རླུང་འཚུབ་དེ་ཤུགས་དྲགས་པས་
རྩེད་ལ་དགའ་བའི་བྱིས་པ་དེ་མཚན་མོའི་སྐར་མ་དང་འགྲོགས་ནས་
རྒྱུས་མེད་ཀྱི་ས་ཆ་ཞིག་ཨུ་ཚུགས་ཀྱིས་འགྲིམ་དགོས་བྱུང་།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།