ཀླད་ཀོར་འཛིན་པའི་ཟིན་བདག་དག་ལ་ཕུལ་བ།

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-25


ཅི་ཞིག་གི་བདེ་སྡུག་དེ
ཀླད་ཀོར་སྒོར་སྒོར་ཞིག་ལ་བསྒྱུར་ཏེ
ཐོ་འགོད་བྱ་བ་དེ
རང་ཉིད་ཀྱི་མིང་ཡིག་དེ་གཞན་ལ་མངོན་པའི་རྩེད་མོ་ཞིག་ཏུ་ངོས་བཟུང་འདུག
 
སྐྱིད་ན་སྐྱིད་ཀྱི་དགོད་སྒྲ་མེད་ལ
སྡུག་ན་སྡུག་གི་མིག་ཆུའང་མེད་པར
ཁྱིམ་གཞི་སྟོང་བ་ཞིག་དང་མིང་བྱང་རྫིག་པོ་ཞིག་གིས
ཚོད་ཚོད་དུ་གཞན་ལ་མིག་ཟུང་བགྲད་ཡོད་ཅིང
ཀླད་ཀོར་སྒོར་སྒོར་ཞིག་གིས་ནམ་ཡང་རང་ཉིད་ཀྱི་བདེ་སྡུག་གླེང་གིན་འདུག
 
གང་ཞིག་གི་འགྲོ་ཕྱོགས་ལའང་མི་མཐུན་ཞིང
སུ་ཞིག་གི་བདེ་སྡུག་ཀྱང་མི་སེམས་པའི
ཕྱུག་བདག་སེར་སྣ་ཅན་དེ་དང་མཉམ་པར
གཞི་ཁྱིམ་སྟོང་བ་མང་བོ་ཞིག་ལ་ངན་བདག་དང
རང་གཞན་གང་གི་ཕྱིར་དུའང་མིག་ཆུ་དང་འཛུམ་མདངས་དབེན་ཞིང་འདུག་པས
དེ་ནི་རྟོགས་སད་ཅན་སུ་ཞིག་ཨེ་ཡིན་སྙམ་ལ
ཀླད་ཀོར་སྒོར་སྒོར་དེས་ཅི་ཞིག་བཤད་རྩིས་ཨེ་ཡོད་ཀྱང་སྙམ
དེ་དེ་བཞིན་རུལ་ལ་ཡང་ཉེ་ཞིང
དེ་ལ་དེ་ལྟར་དུ་ནག་དྲེགས་ཀྱང་ཆགས་སྲིད
 
དགོད་སྒྲ་དང་མིག་ཆུ་མེད་པ་དེ་བེམ་པོ་ཟེར་བ་དེ་རེད
སྟོང་བ་དང་ཀླད་ཀོར་ནི་ཅི་ཞིག་གི་མགོ་ཡང་མ་བརྩམ་པ་དེ་རེད
དཀར་ཡོལ་ནང་གི་ཟ་བཞིན་ཟངས་བ་ནང་ལ་བལྟས་པ་དེ་ཧམ་སེམས་ཟེར་བ་དེ་ཡིན་འདུག
མིང་ཡིག་ཙམ་བསྐྱུར་ཏེ་གཉེན་སྒྲིག་ངོ་སྤྲོད་ཁང་ལ་ནོར་འདུག
ཁང་བ་ཡག་པོ་སྟོང་བ་བསྐྱུར་བས་འདྲེ་ཁང་དུའང་འགྱུར་ཉམ་ཆེ
                        ༢༠༡༡ ༩ ༡༦
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀླད་ཀོར་འཛིན་པའི་ཟིན་བདག་དག་ལ་ཕུལ་བ།

2011-09-25 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།


ཅི་ཞིག་གི་བདེ་སྡུག་དེ
ཀླད་ཀོར་སྒོར་སྒོར་ཞིག་ལ་བསྒྱུར་ཏེ
ཐོ་འགོད་བྱ་བ་དེ
རང་ཉིད་ཀྱི་མིང་ཡིག་དེ་གཞན་ལ་མངོན་པའི་རྩེད་མོ་ཞིག་ཏུ་ངོས་བཟུང་འདུག
 
སྐྱིད་ན་སྐྱིད་ཀྱི་དགོད་སྒྲ་མེད་ལ
སྡུག་ན་སྡུག་གི་མིག་ཆུའང་མེད་པར
ཁྱིམ་གཞི་སྟོང་བ་ཞིག་དང་མིང་བྱང་རྫིག་པོ་ཞིག་གིས
ཚོད་ཚོད་དུ་གཞན་ལ་མིག་ཟུང་བགྲད་ཡོད་ཅིང
ཀླད་ཀོར་སྒོར་སྒོར་ཞིག་གིས་ནམ་ཡང་རང་ཉིད་ཀྱི་བདེ་སྡུག་གླེང་གིན་འདུག
 
གང་ཞིག་གི་འགྲོ་ཕྱོགས་ལའང་མི་མཐུན་ཞིང
སུ་ཞིག་གི་བདེ་སྡུག་ཀྱང་མི་སེམས་པའི
ཕྱུག་བདག་སེར་སྣ་ཅན་དེ་དང་མཉམ་པར
གཞི་ཁྱིམ་སྟོང་བ་མང་བོ་ཞིག་ལ་ངན་བདག་དང
རང་གཞན་གང་གི་ཕྱིར་དུའང་མིག་ཆུ་དང་འཛུམ་མདངས་དབེན་ཞིང་འདུག་པས
དེ་ནི་རྟོགས་སད་ཅན་སུ་ཞིག་ཨེ་ཡིན་སྙམ་ལ
ཀླད་ཀོར་སྒོར་སྒོར་དེས་ཅི་ཞིག་བཤད་རྩིས་ཨེ་ཡོད་ཀྱང་སྙམ
དེ་དེ་བཞིན་རུལ་ལ་ཡང་ཉེ་ཞིང
དེ་ལ་དེ་ལྟར་དུ་ནག་དྲེགས་ཀྱང་ཆགས་སྲིད
 
དགོད་སྒྲ་དང་མིག་ཆུ་མེད་པ་དེ་བེམ་པོ་ཟེར་བ་དེ་རེད
སྟོང་བ་དང་ཀླད་ཀོར་ནི་ཅི་ཞིག་གི་མགོ་ཡང་མ་བརྩམ་པ་དེ་རེད
དཀར་ཡོལ་ནང་གི་ཟ་བཞིན་ཟངས་བ་ནང་ལ་བལྟས་པ་དེ་ཧམ་སེམས་ཟེར་བ་དེ་ཡིན་འདུག
མིང་ཡིག་ཙམ་བསྐྱུར་ཏེ་གཉེན་སྒྲིག་ངོ་སྤྲོད་ཁང་ལ་ནོར་འདུག
ཁང་བ་ཡག་པོ་སྟོང་བ་བསྐྱུར་བས་འདྲེ་ཁང་དུའང་འགྱུར་ཉམ་ཆེ
                        ༢༠༡༡ ༩ ༡༦
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།