དཔེ་ཀློག་ཁང་ལ་མི་ཤོང་བའི་བསམ་བློ་དེ།

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-25


ཡོད་ཚད་ལྷིང་འཇགས་སེར
འཁྲབ་ཁྲིད་པ་སུ་ཞིག་གིས་སྒྲིག་པའི་གར་སྟེགས་བཞིན
རང་ཉིད་ནི་རང་ཉིད་ཀྱི་འཁྲབ་སྟོན་པ་དེ་བྱས་ཏེ
ཐིག་ཕྲེང་རེ་རེ་བཞིན་རྟགས་ཀྱིས་མཛེས་རྒྱན་སྤྲས་ཤིང
ཤོག་ལྷེ་རེ་རེ་བཞིན་ཤག་ཤག་གི་འགྱུར་ཁུགས་དེ་བསྣན
 
འདྲི་རྟགས་མང་བོ་ཞིག་ལ
གཏན་ལ་ཕབ་ཡོད་པའི་དཔེ་ཆ་དེ་ལས་དྲིས་ལན་བྱས་ཤིང
སྟོང་བར་ལུས་པའི་སྟོང་ཆ་དེ་ལ
དཔེ་ཆ་རུ་བྲེས་ཡོད་པའི་ལྷམ་པ་འོས་འཚམ་དེ་སྦྱར
 
ཐམས་ཅད་བྲེལ་ཟིང་ངེར
རྩོམ་པ་པོ་སུ་ཞིག་གིས་འབྲི་དགོས་པའི་འཁྲབ་གཞུང་བཞིན
རང་ཉིད་ཀྱིས་གདོང་གཏོད་དགོས་ཤིང་རང་ཉིད་ཀྱིས་འཁྲབ་དགོས་པའི
ལོ་ཟླ་རེ་རེ་ལ་ཇི་ལྟར་རྐང་རྗེས་དཔར་ཞིང
དཀའ་ཁག་རེ་རེ་དེར་ཇི་ལྟར་བདེ་མོ་འཇོག་གམ
 
འདྲི་རྟགས་མང་བོ་དེར
དཔེ་ཆ་གང་ཞིག་ནས་དྲི་ལན་འཚོལ་དགོས་སམ
སྟོང་ཆ་མང་བོ་དེར
སུ་ཞིག་གིས་བྲེས་ཡོད་པའི་ལྷམ་པ་དེ་འོས་འཚམ་མམ
དཔེ་ཀློག་ཁང་གི་དྲི་བ་དང་སྟོང་ཆ་དག
གཏན་ལ་ཕབ་ཡོད་པའི་དཔེ་ཆ་ན་ཡོད་སྲིད་མོད
རྒྱང་བཞུད་དང་ནར་སོན་ཁྲོད་ཀྱི་དྲི་བ་དང་སྟོང་ཆ་དག
རང་ཇིད་ཀྱིས་བཞེངས་བསྐྲུན་བྱ་དགོས་པའི་དཔེ་ཆ་དེ་ན་ཡོད་སྲིད་དམ
 
དཔེ་ཀློག་ཁང་ཧ་ཅང་ལྷིང་འཇགས་རེད
ཡིན་ནའང  ཕྱི་རོལ་འདི་ལྷིང་འཇགས་ཡིན་ནམ
གཏན་ལ་ཕབ་ཡོད་པའི་དཔེ་ཆ་དེར་རོལ་ན
བསམ་བློ་དེ་དཔེ་ཀློག་ཁང་ཆུང་ཆུང་དེར་ཤོང་ཐུབ་ཀྱང་སྲིད་མོད
འཕུར་གྱིན་པའི་འབྱུང་འགྱུར་དེར་བསམ་ན
བསམ་བློ་དེ་དཔེ་ཀློག་ཁང་ལྟ་བུ་ཞིག་ཏུ་ཤོང་ཐུབ་བམ
                ༢༠༡༡ ༩ ༡༩ དཔེ་ཀློག་ཁང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔེ་ཀློག་ཁང་ལ་མི་ཤོང་བའི་བསམ་བློ་དེ།

2011-09-25 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།


ཡོད་ཚད་ལྷིང་འཇགས་སེར
འཁྲབ་ཁྲིད་པ་སུ་ཞིག་གིས་སྒྲིག་པའི་གར་སྟེགས་བཞིན
རང་ཉིད་ནི་རང་ཉིད་ཀྱི་འཁྲབ་སྟོན་པ་དེ་བྱས་ཏེ
ཐིག་ཕྲེང་རེ་རེ་བཞིན་རྟགས་ཀྱིས་མཛེས་རྒྱན་སྤྲས་ཤིང
ཤོག་ལྷེ་རེ་རེ་བཞིན་ཤག་ཤག་གི་འགྱུར་ཁུགས་དེ་བསྣན
 
འདྲི་རྟགས་མང་བོ་ཞིག་ལ
གཏན་ལ་ཕབ་ཡོད་པའི་དཔེ་ཆ་དེ་ལས་དྲིས་ལན་བྱས་ཤིང
སྟོང་བར་ལུས་པའི་སྟོང་ཆ་དེ་ལ
དཔེ་ཆ་རུ་བྲེས་ཡོད་པའི་ལྷམ་པ་འོས་འཚམ་དེ་སྦྱར
 
ཐམས་ཅད་བྲེལ་ཟིང་ངེར
རྩོམ་པ་པོ་སུ་ཞིག་གིས་འབྲི་དགོས་པའི་འཁྲབ་གཞུང་བཞིན
རང་ཉིད་ཀྱིས་གདོང་གཏོད་དགོས་ཤིང་རང་ཉིད་ཀྱིས་འཁྲབ་དགོས་པའི
ལོ་ཟླ་རེ་རེ་ལ་ཇི་ལྟར་རྐང་རྗེས་དཔར་ཞིང
དཀའ་ཁག་རེ་རེ་དེར་ཇི་ལྟར་བདེ་མོ་འཇོག་གམ
 
འདྲི་རྟགས་མང་བོ་དེར
དཔེ་ཆ་གང་ཞིག་ནས་དྲི་ལན་འཚོལ་དགོས་སམ
སྟོང་ཆ་མང་བོ་དེར
སུ་ཞིག་གིས་བྲེས་ཡོད་པའི་ལྷམ་པ་དེ་འོས་འཚམ་མམ
དཔེ་ཀློག་ཁང་གི་དྲི་བ་དང་སྟོང་ཆ་དག
གཏན་ལ་ཕབ་ཡོད་པའི་དཔེ་ཆ་ན་ཡོད་སྲིད་མོད
རྒྱང་བཞུད་དང་ནར་སོན་ཁྲོད་ཀྱི་དྲི་བ་དང་སྟོང་ཆ་དག
རང་ཇིད་ཀྱིས་བཞེངས་བསྐྲུན་བྱ་དགོས་པའི་དཔེ་ཆ་དེ་ན་ཡོད་སྲིད་དམ
 
དཔེ་ཀློག་ཁང་ཧ་ཅང་ལྷིང་འཇགས་རེད
ཡིན་ནའང  ཕྱི་རོལ་འདི་ལྷིང་འཇགས་ཡིན་ནམ
གཏན་ལ་ཕབ་ཡོད་པའི་དཔེ་ཆ་དེར་རོལ་ན
བསམ་བློ་དེ་དཔེ་ཀློག་ཁང་ཆུང་ཆུང་དེར་ཤོང་ཐུབ་ཀྱང་སྲིད་མོད
འཕུར་གྱིན་པའི་འབྱུང་འགྱུར་དེར་བསམ་ན
བསམ་བློ་དེ་དཔེ་ཀློག་ཁང་ལྟ་བུ་ཞིག་ཏུ་ཤོང་ཐུབ་བམ
                ༢༠༡༡ ༩ ༡༩ དཔེ་ཀློག་ཁང་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།