གློག་ཀླད་ཀྱི་ངོས་སུ་འབྱར་བའི་ཐ་སྙད་འདི་དག

སྒྲེན་པོ།༼ལན་ཀྲུ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-09-22


སྟོན་པའི་འཁར་གསིལ་དང་དཀོན་མཆོག་གི་རྒྱ་གྲམ་བརྒྱང་ཤིང
ཚོར་བའི་རྟ་ཁྱུ   གངས་ཀྱི་ཆག་རོ  སྒྱུ་འཕྲུལ་གྱི་མེ་ལོང   ཀ་ཁའི་སེང་རས
 ཤེས་རབ་ཀྱི་གཙང་བོ    འུར་ཟིང་གི་རླུང་བུ      དམག་འཁྲུག་གི་མེ་ལྕེ
ཉི་ཟླའི་འཁོར་བསྐྱོད    སྐར་ཕྲན་གྱི་མིག་ཟུང   འདོད་ཡོན་གྱི་མཚོ་མོ
དབྱངས་གསལ་དང་ཐ་སྙད་ཀྱི་སྲད་བུར་བརྒྱུས་ཙ་ན
བཞུར་བྱུང  བཀླགས་བྱུང  འཁྲབ་བྱུང   བགད་བྱུང  ངུས་བྱུང
 
མིའི་ཀླད་སྒྲོམ་ལ་ཨི་ཁུང་བརྟོལ་ནས་མཐར་བཅད་པའི་སྒྲོམ་ལེབ་ངོར
རླུང་གིས་རླུང་དང་ཆུས་མེ་བདས་པ་ནང་བཞིན
དུས་ཚོད་དང་དུས་ཚོད་དབར་དུ་ས་འོག་སྦུག་ལམ་བཏོད
བར་སྟོང་དང་བར་སྟོང་དབར་གྱི་གཏན་ཚིགས་དག་སིལ་བུར་གཏོར
ཚོས་གཞིས་བཀྲ་བོར་བཏང་ཟིན་པའི་འུ་ཚོའི་ཤེས་པ་དག་ཀྱང
གཞི་ནས་གཅེར་རྗེན་དུ་ཕུད་བྱུང
 
ད་ནི
གཞུང་འཕྲེད་ཀྱིས་བཅད་པའི་གོ་ལ་འདི་ཡང
ང་ཚོའི་སྔས་འབོལ་དང་ཁྱིམ་མཚེས་སུ་འོས་ཨང
 
གདོད་མའི་ཤིང་ལོ་དང་མ་རྨོས་པའི་ལོ་ཏོག
བྲག་སྲིན་དང་སྤྲེའུའི་གཏམ་རྒྱུད     སྤྲ་མི
འཆར་ཡན་གྱིས་སྦྲིད་པར་བྱས་པའི་གདོད་མའི་ལྷ་སྒྲུང
མངོན་སུམ་གྱིས་སུན་སྣང་བསྐུར་བའི་དེང་གི་ཆོ་འཕྲུལ
ཧ་ཧ                          ཧ་ཧ
འཇིག་རྟེན་ལ་ཐོག་མཐའ་མི་འདུག
དེང་གི་མི་འདི་ཚོར་གྱོན་གོས་མི་འདུག
 
མིན་ཏེ
གློག་ཀླད་ངོས་ཀྱི་ཐ་སྙད་འདི་ཚོར་ཤུན་སྐོགས་མེད་པས་རེད
                       17.9.2011

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གློག་ཀླད་ཀྱི་ངོས་སུ་འབྱར་བའི་ཐ་སྙད་འདི་དག

2011-09-22 སྒྲེན་པོ།༼ལན་ཀྲུ༽ ཀློག་གྲངས། མཆན ཡོད།


སྟོན་པའི་འཁར་གསིལ་དང་དཀོན་མཆོག་གི་རྒྱ་གྲམ་བརྒྱང་ཤིང
ཚོར་བའི་རྟ་ཁྱུ   གངས་ཀྱི་ཆག་རོ  སྒྱུ་འཕྲུལ་གྱི་མེ་ལོང   ཀ་ཁའི་སེང་རས
 ཤེས་རབ་ཀྱི་གཙང་བོ    འུར་ཟིང་གི་རླུང་བུ      དམག་འཁྲུག་གི་མེ་ལྕེ
ཉི་ཟླའི་འཁོར་བསྐྱོད    སྐར་ཕྲན་གྱི་མིག་ཟུང   འདོད་ཡོན་གྱི་མཚོ་མོ
དབྱངས་གསལ་དང་ཐ་སྙད་ཀྱི་སྲད་བུར་བརྒྱུས་ཙ་ན
བཞུར་བྱུང  བཀླགས་བྱུང  འཁྲབ་བྱུང   བགད་བྱུང  ངུས་བྱུང
 
མིའི་ཀླད་སྒྲོམ་ལ་ཨི་ཁུང་བརྟོལ་ནས་མཐར་བཅད་པའི་སྒྲོམ་ལེབ་ངོར
རླུང་གིས་རླུང་དང་ཆུས་མེ་བདས་པ་ནང་བཞིན
དུས་ཚོད་དང་དུས་ཚོད་དབར་དུ་ས་འོག་སྦུག་ལམ་བཏོད
བར་སྟོང་དང་བར་སྟོང་དབར་གྱི་གཏན་ཚིགས་དག་སིལ་བུར་གཏོར
ཚོས་གཞིས་བཀྲ་བོར་བཏང་ཟིན་པའི་འུ་ཚོའི་ཤེས་པ་དག་ཀྱང
གཞི་ནས་གཅེར་རྗེན་དུ་ཕུད་བྱུང
 
ད་ནི
གཞུང་འཕྲེད་ཀྱིས་བཅད་པའི་གོ་ལ་འདི་ཡང
ང་ཚོའི་སྔས་འབོལ་དང་ཁྱིམ་མཚེས་སུ་འོས་ཨང
 
གདོད་མའི་ཤིང་ལོ་དང་མ་རྨོས་པའི་ལོ་ཏོག
བྲག་སྲིན་དང་སྤྲེའུའི་གཏམ་རྒྱུད     སྤྲ་མི
འཆར་ཡན་གྱིས་སྦྲིད་པར་བྱས་པའི་གདོད་མའི་ལྷ་སྒྲུང
མངོན་སུམ་གྱིས་སུན་སྣང་བསྐུར་བའི་དེང་གི་ཆོ་འཕྲུལ
ཧ་ཧ                          ཧ་ཧ
འཇིག་རྟེན་ལ་ཐོག་མཐའ་མི་འདུག
དེང་གི་མི་འདི་ཚོར་གྱོན་གོས་མི་འདུག
 
མིན་ཏེ
གློག་ཀླད་ངོས་ཀྱི་ཐ་སྙད་འདི་ཚོར་ཤུན་སྐོགས་མེད་པས་རེད
                       17.9.2011

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།