མཐོང་བ་དང་མ་མཐོང་བ་དེ་དག།


དུས་ཚོད་ཀྱི་པང་དུ་འཁོར་ཞིང་།
མིག་ཆུའི་གཏིང་རུམ་དུ་འབུས་པའི་རྒྱ་སེ་མེ་ཏོག་གི་གྲིབ་གཟུགས་རྣོན་པོས།
མཚན་ལྗོངས་ཧྲིལ་པོ་འདིའི་ཕྱི་ནང་ལ་ཨ་ལན་སྤྲད་མོད།
ཐ་སྙད་ཀྱི་འགས་གཏོར་ཆེན་པོའི་སྔ་རྗེས་སུ།
ང་ཡི་སྐྲ་ལོ་དག་ཀྱང་རེ་རེ་བཞིན་ཁ་བས་ཁྱེར་ཟིན།
 
ཡབ་མེས་ཀྱི་གླེགས་བམ་དུ་གཅུད་པའི་མིང་བྱང་རྫིག་པོ་དེ་དག
སེར་སྣ་མེད་པར་གྲོང་ཁྱེར་གྱི་ཕ་མཐར་གཡུགས་པས།
ཚངས་མགུར་གྱི་ཀློང་དུ་སིམ་པའི་རྣམ་ཤེས་མང་པོ།
ཞེན་ཆགས་དང་ཕྱི་མིག་ཡོད་ཚད་བོར་སྟོར་བྱུང་བ་ལྟར།
མར་མེ་རྐང་གཅིག་གི་ཐུ་འོག་ནས་སེམས་ངལ་གསོ་དགོས་བྱུང་།
 
ཡིན་ནའང་། ང་ནི་ད་དུང་གསོན་པ་ལྟར་གནས་དགོས་པ་དེ་ཡིན་པས།
རྨི་ལམ་ལྷག་མ་ཞིག་གི་མདུན་ངོས་སུ་ནན་གྱིས་བལྟ་ཞོར།
རི་རབ་དང་གཙང་ཆུ་སྔོན་མོའི་འཁུན་སྒྲ་ལ་རྣ་བ་བླགས་མོད།
མི་ལོ་ག་ཚོད་ཅིག་གི་ཆང་ཕོར་དུ་ལྷུང་བའི་ང་ཡི་དོན་ལྔ་སྣོད་དྲུག་ནི།
ཐང་ག་བཞིན་ངོམ་ཆོག་ཆོག་གི་རིན་ཐང་ཅི་ཞིག་ཡོད་ཨང་།
 
དོན་དངོས་སུ་ང་ལ་ཅི་ཡང་ལྷག་མི་འདུག  བར་སྐབས་འདི་ལྟ་བུ་ལ།
ངས་འབྱུང་བཞིའི་གདུག་རྩུབ་ལས་བརྒལ་བའི་ཚོར་བ་དེ་གློ་གྲི་བཞིན་འཕྱར་ཏེ།
ཁམས་ཆེན་པོའི་སྐྱེད་ཚལ་དག་རྨང་ནས་གཅོད་འགོ་ཚུགས་པས།
རྙེད་པ་མཐའ་དག་འཁྲུལ་ཤེས་དང་།
བོར་ཟིན་པ་ཡོད་ཚད་བདེ་སྐྱིད་དུ་རློམ་དགོས་པའི་གཏན་ཚིགས་ག་རེ་ཡོད།
ཡང་ན། སུས་ཀྱང་མ་གླེང་བའི་ཉེས་པ་ཅི་ཞིག་ཡོད་ཨང་།
    ༢༠༡༡ལོའི་སྤྱི་ཟླ་༩པའི་ཚེས་༣དགོང་མོའི་ཆུ་ཚོད་༡༡སྟེང་རང་ཤག་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཐོང་བ་དང་མ་མཐོང་བ་དེ་དག།

2011-09-09 དཔལ་བེའུ། ཀློག་གྲངས། མཆན ཡོད།


དུས་ཚོད་ཀྱི་པང་དུ་འཁོར་ཞིང་།
མིག་ཆུའི་གཏིང་རུམ་དུ་འབུས་པའི་རྒྱ་སེ་མེ་ཏོག་གི་གྲིབ་གཟུགས་རྣོན་པོས།
མཚན་ལྗོངས་ཧྲིལ་པོ་འདིའི་ཕྱི་ནང་ལ་ཨ་ལན་སྤྲད་མོད།
ཐ་སྙད་ཀྱི་འགས་གཏོར་ཆེན་པོའི་སྔ་རྗེས་སུ།
ང་ཡི་སྐྲ་ལོ་དག་ཀྱང་རེ་རེ་བཞིན་ཁ་བས་ཁྱེར་ཟིན།
 
ཡབ་མེས་ཀྱི་གླེགས་བམ་དུ་གཅུད་པའི་མིང་བྱང་རྫིག་པོ་དེ་དག
སེར་སྣ་མེད་པར་གྲོང་ཁྱེར་གྱི་ཕ་མཐར་གཡུགས་པས།
ཚངས་མགུར་གྱི་ཀློང་དུ་སིམ་པའི་རྣམ་ཤེས་མང་པོ།
ཞེན་ཆགས་དང་ཕྱི་མིག་ཡོད་ཚད་བོར་སྟོར་བྱུང་བ་ལྟར།
མར་མེ་རྐང་གཅིག་གི་ཐུ་འོག་ནས་སེམས་ངལ་གསོ་དགོས་བྱུང་།
 
ཡིན་ནའང་། ང་ནི་ད་དུང་གསོན་པ་ལྟར་གནས་དགོས་པ་དེ་ཡིན་པས།
རྨི་ལམ་ལྷག་མ་ཞིག་གི་མདུན་ངོས་སུ་ནན་གྱིས་བལྟ་ཞོར།
རི་རབ་དང་གཙང་ཆུ་སྔོན་མོའི་འཁུན་སྒྲ་ལ་རྣ་བ་བླགས་མོད།
མི་ལོ་ག་ཚོད་ཅིག་གི་ཆང་ཕོར་དུ་ལྷུང་བའི་ང་ཡི་དོན་ལྔ་སྣོད་དྲུག་ནི།
ཐང་ག་བཞིན་ངོམ་ཆོག་ཆོག་གི་རིན་ཐང་ཅི་ཞིག་ཡོད་ཨང་།
 
དོན་དངོས་སུ་ང་ལ་ཅི་ཡང་ལྷག་མི་འདུག  བར་སྐབས་འདི་ལྟ་བུ་ལ།
ངས་འབྱུང་བཞིའི་གདུག་རྩུབ་ལས་བརྒལ་བའི་ཚོར་བ་དེ་གློ་གྲི་བཞིན་འཕྱར་ཏེ།
ཁམས་ཆེན་པོའི་སྐྱེད་ཚལ་དག་རྨང་ནས་གཅོད་འགོ་ཚུགས་པས།
རྙེད་པ་མཐའ་དག་འཁྲུལ་ཤེས་དང་།
བོར་ཟིན་པ་ཡོད་ཚད་བདེ་སྐྱིད་དུ་རློམ་དགོས་པའི་གཏན་ཚིགས་ག་རེ་ཡོད།
ཡང་ན། སུས་ཀྱང་མ་གླེང་བའི་ཉེས་པ་ཅི་ཞིག་ཡོད་ཨང་།
    ༢༠༡༡ལོའི་སྤྱི་ཟླ་༩པའི་ཚེས་༣དགོང་མོའི་ཆུ་ཚོད་༡༡སྟེང་རང་ཤག་ནས།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།