ཐ་མག་རྐང་གཅིག་མེ་ལ་སྒྲོན་རྗེས།
ཐ་མག་རྐང་གཅིག་མེ་ལ་སྒྲོན་རྗེས
ལུས་ཕུང་ཞིག་ཀྱང་མེ་ལ་སྒྲོན་སོང
དེར་མཐུད་ནས རྣམ་ཤེས་ཤིག་ཀྱང་མེ་ལ་སྒྲོན་སོང
སྙན་ངག་ཅིག་དང་ཁོར་ཡུག་ཅིག་ཀྱང་མེ་ལ་སྒྲོན་སོང
འཕྲོ་འཕྲོ་ལ་ཚོགས་སྤྱི་ཞིག་ཀྱང་མེ་ལ་སྒྲོན་སོང
ཝུ་ཆང་དེམ་བུ་ཞིག་ཁ་འབྱེད་རྗེས
གནོམ་མ་ཐུབ་པའི་སྙིང་རླུང་ཞིག་གི་ཁ་འབྱེད་སོང
དེར་མཐུད་ནས ཚིག་རྩོད་ཅིག་གི་ཁའང་འབྱེད་སོང
མིག་ཆུ་ཞིག་དང་སྐྱོ་གར་ཞིག་གི་སྒོ་ཡང་འབྱེད་སོང
འཕྲོ་འཕྲོ་ལ་བཟའ་འཁོན་ཞིག་གི་སྒོ་ཡང་འབྱེད་སོང
༢༠༡༡ ༧ ༦
རྩོམ་ཁུངས། ངེད་དྲ་བ།