རེ་སྒུག་དང་མིག་ཆུ་མོད་པའི་ཉིན་ཞག་གི་ཕྲེང་བ།

བྱ་དོར་ཕུན་ཚོགས་དབང་ཕྱུག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-08-20

གཏམ་རྒྱུད་ལ་ཁ་དོག་དང་དྲི་བསུང་དབེན་རུང༌།
རྒྱུད་རིམ་གྱི་རྩ་ལག་ཟང་ཟིང་གི་དྲ་ཐག་ཏུ་སྦྲེལ།
དུས་ཚོད་དང་བར་སྣང་ལ་ཆག་འཇིག་ཤོར་བའི་རབ་རིབ་ཀྱི་འཕག་ན།
ཟླ་བའི་འཐེང་འགྲོས་ཀྱི་ཤུགས་བསྟན་འོག་ཁྱོད་ཀྱི་ཡོད་ཚད་མཚན་མོའི་
བསླུ་བྲིད་ཀྱི་མཁའ་རུ་བསྲེས།

མིག་ཟུང་གཤེད་ཀྱིས་བསྒྲིམས་ཏེ་ཡུལ་ལྗོངས་ལ་སྐྱ་ཐིག་འདེབས་བསམ་ཡང༌།
དོ་དགོང༌། ངའི་མཐོང་ལམ་གྱི་འཇིག་རྟེན་ཧྲིལ་བོ།
སྔར་བཞིན་མུན་ནག་དང་མུན་ནག་གི་རྐང་འོག་ན་འདར་ཞིང་བཅུམས་པས།
སེམས་ཀྱི་བུ་ཆུང་དེ་ཡང་རེ་ཞིག་སྨྲ་བ་བྲལ་བའི་ལྗོན་ཤིང་གི་ཡལ་གར་སྤྲུལ་དགོས་གྱུར།

རི་རབ་ཀྱི་རྩེ་མོར་གཡོ་བའི་དར་སྲབ་ཀྱི་སྨོན་འདུན་ལྗང་ཁུ།
ལྷག་རླུང་གི་གཤོག་རྩར་འབྱར་བའི་བརྩེ་འདུན་གྱི་མིག་ཆུ་དམར་བོ།
ད་དུང༌། ལོ་རྒྱུས་ཀྱི་ཡིག་འབྲུའི་བར་ན་འཚེངས་པའི་རྡོ་རིང་གི་བཀའ་ཚིག་ཐར་ཐོར།
ད་ནི། ཐམས་ཅད་མུན་ནག་གི་ཕ་མཐར་འཚེར་བའི་གསལ་ལ་མི་གསལ་བའི་
རྒྱུ་སྐར་གྱི་ཟོལ་དུ་མཆིས།

འདི་ལྟར། དུས་རབས་གཅིག་གཙང་བོ་ལྟར་སྔར་ནས་བཞུར་ཟིན་ཅིང༌།
མི་རབས་གཅིག་མར་མེའི་ཟོལ་གྱིས་གཏན་དུ་གཟིམ་ལ་ཁད་ཀྱང༌།
ཁྱོད་ཚོ་སྔར་བཞིན། མནར་གཅོད་དང་འཇིགས་སྐྲག་རྒོད་པའི་ལོ་ཟླའི་ལྐོག་ཏུ་འཚོ་དགོས་ཤིང༌།
ཁྱོད་ཚོ་ཞར་ཡང༌། རེ་སྒུག་དང་མིག་ཆུ་མོད་པའི་ཉིན་ཞག་གི་ཕྲེང་བའི་བར་ནས་བསྲིངས་དགོས་ཨང༌།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རེ་སྒུག་དང་མིག་ཆུ་མོད་པའི་ཉིན་ཞག་གི་ཕྲེང་བ།

2011-08-20 བྱ་དོར་ཕུན་ཚོགས་དབང་ཕྱུག ཀློག་གྲངས། མཆན ཡོད།

གཏམ་རྒྱུད་ལ་ཁ་དོག་དང་དྲི་བསུང་དབེན་རུང༌།
རྒྱུད་རིམ་གྱི་རྩ་ལག་ཟང་ཟིང་གི་དྲ་ཐག་ཏུ་སྦྲེལ།
དུས་ཚོད་དང་བར་སྣང་ལ་ཆག་འཇིག་ཤོར་བའི་རབ་རིབ་ཀྱི་འཕག་ན།
ཟླ་བའི་འཐེང་འགྲོས་ཀྱི་ཤུགས་བསྟན་འོག་ཁྱོད་ཀྱི་ཡོད་ཚད་མཚན་མོའི་
བསླུ་བྲིད་ཀྱི་མཁའ་རུ་བསྲེས།

མིག་ཟུང་གཤེད་ཀྱིས་བསྒྲིམས་ཏེ་ཡུལ་ལྗོངས་ལ་སྐྱ་ཐིག་འདེབས་བསམ་ཡང༌།
དོ་དགོང༌། ངའི་མཐོང་ལམ་གྱི་འཇིག་རྟེན་ཧྲིལ་བོ།
སྔར་བཞིན་མུན་ནག་དང་མུན་ནག་གི་རྐང་འོག་ན་འདར་ཞིང་བཅུམས་པས།
སེམས་ཀྱི་བུ་ཆུང་དེ་ཡང་རེ་ཞིག་སྨྲ་བ་བྲལ་བའི་ལྗོན་ཤིང་གི་ཡལ་གར་སྤྲུལ་དགོས་གྱུར།

རི་རབ་ཀྱི་རྩེ་མོར་གཡོ་བའི་དར་སྲབ་ཀྱི་སྨོན་འདུན་ལྗང་ཁུ།
ལྷག་རླུང་གི་གཤོག་རྩར་འབྱར་བའི་བརྩེ་འདུན་གྱི་མིག་ཆུ་དམར་བོ།
ད་དུང༌། ལོ་རྒྱུས་ཀྱི་ཡིག་འབྲུའི་བར་ན་འཚེངས་པའི་རྡོ་རིང་གི་བཀའ་ཚིག་ཐར་ཐོར།
ད་ནི། ཐམས་ཅད་མུན་ནག་གི་ཕ་མཐར་འཚེར་བའི་གསལ་ལ་མི་གསལ་བའི་
རྒྱུ་སྐར་གྱི་ཟོལ་དུ་མཆིས།

འདི་ལྟར། དུས་རབས་གཅིག་གཙང་བོ་ལྟར་སྔར་ནས་བཞུར་ཟིན་ཅིང༌།
མི་རབས་གཅིག་མར་མེའི་ཟོལ་གྱིས་གཏན་དུ་གཟིམ་ལ་ཁད་ཀྱང༌།
ཁྱོད་ཚོ་སྔར་བཞིན། མནར་གཅོད་དང་འཇིགས་སྐྲག་རྒོད་པའི་ལོ་ཟླའི་ལྐོག་ཏུ་འཚོ་དགོས་ཤིང༌།
ཁྱོད་ཚོ་ཞར་ཡང༌། རེ་སྒུག་དང་མིག་ཆུ་མོད་པའི་ཉིན་ཞག་གི་ཕྲེང་བའི་བར་ནས་བསྲིངས་དགོས་ཨང༌།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།