སྙན་ངག་འདིའི་ནང་རོ་ཅི་ཞིག་ཡིན་ནམ།

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-08-20

འབབ་རྒྱུན་རིང་བའི་ཆར་བ་ཞིག་དེ་རིང་ཉིན་གང་བོར་བབས་སོང
ཆར་བ་དང་སྦགས་པའི་དེ་རིང་གི་དུས་ཚོད་ཅིག་ད་སོ་མ་འཇལ་སོང
དེ་རིང་ཆར་བ་བབས་སོང
འབབ་རྒྱུན་རིང་བོའི་ཆར་བ་ཞིག་བབས་སོང
ཆར་བ་བབས་པ་ནི་ས་གཞི་ལ་ཁ་ལག་བཀྲུས་པ་དང་འདྲ་ལ
མི་རྣམས་ལ་གནང་བ་སྦྱིན་པ་ཡང་འདྲ
གནང་བ་འདིའི་ཁྲོང་ནས
སྨྱུ་གུ་འདི་ལག་ཏུ་བཟུང་སྟེ་སྙན་དག་ཅིག་འབྲི་བར་རྩོམ་དུས
ཤག་ཤག་གི་ཆར་བ་འབབ་སྒྲ་དེ་ཡང་ཡང་རྣ་ལམ་དུ་འཁོར་འོངས་པས
སྙན་ངག་འདིའི་ནང་རོ་ཆར་བ་ཡིན་ནམ
ཡང་ན རྒྱང་རིང་ན་ཡོད་པའི་ཕ་ཁྱིམ་དེ་ཡིན་ནམ
 
ཆར་བ་འབབ་རྒྱུན་རིང་ལ
ཆར་བ་འབབ་ཚད་ཆེ་བས
མི་རྣམས་རང་རང་གི་གནས་མལ་དུ་ལོག་སོང
འདུ་འཛི་དེ་གྲོལ་རྗེས་སེམས་པའང་ཅུང་ཙམ་ཁོམ་འོངས་ཤིང
བསམ་བློའང་གང་སར་འདུར་རྒྱུག་བྱ་ཆོག་པས
འབྲི་བཞིན་པའི་སྙན་ངག་འདིའི་ནང་རོ་སུ་ཞིག་ཡིན་ནམ
བསམ་བློ་ཞིག་གི་སྣེ་ན་ལུས་པའི་འདྲི་རྟགས་དེ་ཡིན་ནམ
ཡང་ན  བཞི་མདོ་ན་ལུས་པའི་ཁྱོད་ཡིན་ནམ
འོ་ཞིག་བྱ་འདོད་པའི་བུ་མོ་དེ་ཡིན་ནམ
 
སེམས་པ་རྒྱ་ཡན་དུ་བཏང་ཚར་རྗེས
ལུས་པོ་བག་ཡངས་སུ་ལྷོད་ཚར་རྗེས
འབྲི་བཞིན་པའི་སྙན་ངག་འདིའི་ནང་རོ་ཅི་ཞིག་ཡིན་ནམ
ཁོམ་ལོབས་སུ་སོང་བའི་སེམས་པ་དེ་གང་དུ་འཁོར་རམ
ཡང་ན  བརྟག་བྱ་མེད་པའི་ཚིག་རྙོག་དེ་ཡིན་ནམ
རིན་ཐང་མེད་པའི་བེམ་པོ་ཞིག་ཡིན་ནམ
 
དེ་རིང་ཆར་བ་གཏན་ཚིགས་མེད་པར
གློ་བུར་གློ་བུར་དུ་ཤག་ཤག་བབས་འགྲོ་ལ
གློ་བུར་གློ་བུར་དུ་འབབ་མཚམས་ཆད་འགྲོ
སྙན་ངག་འདིའི་ནང་རོའང
སྤོས་ལྡན་གྲོང་གི་དེ་རིང་དང་འདྲ་བ་ཞིག་ཡིན་ནམ
ཡང་ན  འཆི་མ་ཉམས་ཀྱི་ཚོར་བ་རྣོན་པོ་ཞིག་ཡིན་ནམ
 
སྙན་ངག་པ་ལགས
སེམས་པ་རྒྱ་ཡན་དུ་སོང་ཚར་རྗེས
ལུས་པོ་བག་ཡངས་སུ་ལྷོད་ཚར་རྗེས
སྙན་ངག་འདིའི་ནང་རོ་ཝུ་ཆང་དང་དུ་བ་དེ་ཡིན་ནམ
ཡང་ན  འབབ་སྒྲ་ལྷང་ལྷང་སྒྲོག་བཞིན་པའི་ནོར་ལུག་དེ་ཡིན་ནམ
མགོ་བོ་གངས་རིར་བསྙེས་པའི་རིགས་རྒྱུད་དེ་ཡིན་ནམ
 
དེ་རིང་ཆར་བ་གློ་བུར་གློ་བུར་དུ་བབས་འགྲོ་ལ
གློ་བུར་གློ་བུར་དུ་འབབ་མཚམས་ཆད་འགྲོ
འབྲི་བཞིན་པའི་སྙན་ངག་འདིའི་ནང་རོའང
དེ་རིང་དང་འདྲ་བའི་གློ་བུར་གློ་བུར་བའི་ཚོར་འདུ་ཞིག་ཡིན་ནམ
ཡང་ན……
             ༢༠༡༡ ༧ ༣

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྙན་ངག་འདིའི་ནང་རོ་ཅི་ཞིག་ཡིན་ནམ།

2011-08-20 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།