ཁྱོད་ཀྱིས་ཤེས་ན་འགྲིག སི་ཁྲོན་བུ་མོ།

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-08-17


འདོད་ཚུལ་ཞིག་དང་དགའ་སྣང་ཞིག་གིས
རྒྱུས་མེད་ཀྱི་འཕྲིན་ཐུང་ཁྱོད་ཀྱི་ཁ་པར་ལ་འཛུལ་བ
མེ་ཏོག་ལྟར་འཛུམ་ཞིང  ཁ་བ་ལྟར་དཀར་བའང
ཁྱོད་ཀྱིས་ཤེས་ན་འགྲིག   སི་ཁྲོན་བུ་མོ
འདོད་པས་མྱོས་པའི་སྤྱང་ཀི་དེ་ང་མིན་ལ
ཁྱོད་ཀྱིས་ཀྱང་མི་འདོད་པ་ངས་ཤེས་ཡོད
ཡིན་ནའང   ཕྱི་ཚུལ་ལ་སྙེག་པའི་སྟོང་བསམ་དེ་ངས་མི་འདོད་ལ
རྒྱུ་ནོར་ལ་ཞེན་པའི་འབུ་སྲིན་དེ་ངས་ཁྱོད་ཀྱང་མིན་ན་འདོད
འཕྲིན་པ་གཅིག    འཕྲིན་པ་གཉིས   འཕྲིན་པ་མང་བོ་ཞིག
བརྩེ་བའི་སྙིང་གཏམ་ཁྱེར་ཏེ
ཁྱོད་ཀྱི་ཁ་པར་དང་ཁྱོད་ཀྱི་སེམས་ཁོང་ལ་འཛུལ་དོན
ངས་བཤད་ན་མི་འདོད
ཁྱོད་ཀྱིས་ཤེས་ན་འགྲིག སི་ཁྲོན་བུ་མོ
མེ་ཏོག་ལྟ་བུའི་ཁྱོད་ཀྱིས་ཅི་ཞིག་ལ་འདོད་ཅི་ཡོད་པ་དང
ཅི་ཞིག་ལ་སྙེག་གི་ཡོད་པའང་ངས་མི་ཤེས
མི་ཤེས་པ་ནི་གསང་བ་ཡིན་པ་བདེན་ཡང   ངས་གསང་བ་དེ་ཤེས་འདོད་པ་ནི
སྙན་ངག་ཅིག་དང་ཡིག་ཚོམ་ཞིག་གིས་མཚོན་མི་ནུས་པའང
ཁྱོད་ཀྱིས་ཤེས་ན་འགྲིག
ཞེན་སྲེད་ཀྱི་འཛུམ་མདངས་སྟོན་རྒྱུ་ནི་ངའང་མི་དགའ་ལ
བདེ་མོ་ཡི་ལག་པ་དེ་ཁྱོད་ཀྱིས་ཀྱང་མ་གཡུག
སི་ཁྲོན་བུ་མོ
འཕྲིན་ཐུང་ནི་འུ་གཉིས་ཀྱི་སྙིང་གཏམ་ཡིན་པ་དང
ཁ་པར་ནི་འུ་གཉིས་ཀྱི་ཐུག་གནས་ཡིན་པ་ཡིད་ལ་ཟུངས
རེ་སྙེག་གི་ཀློང་ན་དུངས་བ་ཡོད་ཅིང
བྲང་གཞུང་གི་ཕག་ན་སྙིང་ཆུང་ཡོད་པ   ཁྱོད་ཀྱིས་ཤེས་ན་འགྲིག
དེ་རིང་ངའི་སྙན་ངག་གི་གླེང་གཞི་ཁྱོད་ཡིན་ལ
སང་ཉིན་ངའི་སྙིང་ཆུང་གི་ཕྱེད་ཀ་ཁྱོད་ཡིན་པར་རློམ་ཡོད
འཕྲིན་པ་གཅིག  འཕྲིན་པ་གཉིས
སི་ཁྲོན་བུ་མོ   ཡོད་ཚད་དང་ཐམས་ཅད་ཁྱོད་ཡིན་ན་སྙམ

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ཀྱིས་ཤེས་ན་འགྲིག སི་ཁྲོན་བུ་མོ།

2011-08-17 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།


འདོད་ཚུལ་ཞིག་དང་དགའ་སྣང་ཞིག་གིས
རྒྱུས་མེད་ཀྱི་འཕྲིན་ཐུང་ཁྱོད་ཀྱི་ཁ་པར་ལ་འཛུལ་བ
མེ་ཏོག་ལྟར་འཛུམ་ཞིང  ཁ་བ་ལྟར་དཀར་བའང
ཁྱོད་ཀྱིས་ཤེས་ན་འགྲིག   སི་ཁྲོན་བུ་མོ
འདོད་པས་མྱོས་པའི་སྤྱང་ཀི་དེ་ང་མིན་ལ
ཁྱོད་ཀྱིས་ཀྱང་མི་འདོད་པ་ངས་ཤེས་ཡོད
ཡིན་ནའང   ཕྱི་ཚུལ་ལ་སྙེག་པའི་སྟོང་བསམ་དེ་ངས་མི་འདོད་ལ
རྒྱུ་ནོར་ལ་ཞེན་པའི་འབུ་སྲིན་དེ་ངས་ཁྱོད་ཀྱང་མིན་ན་འདོད
འཕྲིན་པ་གཅིག    འཕྲིན་པ་གཉིས   འཕྲིན་པ་མང་བོ་ཞིག
བརྩེ་བའི་སྙིང་གཏམ་ཁྱེར་ཏེ
ཁྱོད་ཀྱི་ཁ་པར་དང་ཁྱོད་ཀྱི་སེམས་ཁོང་ལ་འཛུལ་དོན
ངས་བཤད་ན་མི་འདོད
ཁྱོད་ཀྱིས་ཤེས་ན་འགྲིག སི་ཁྲོན་བུ་མོ
མེ་ཏོག་ལྟ་བུའི་ཁྱོད་ཀྱིས་ཅི་ཞིག་ལ་འདོད་ཅི་ཡོད་པ་དང
ཅི་ཞིག་ལ་སྙེག་གི་ཡོད་པའང་ངས་མི་ཤེས
མི་ཤེས་པ་ནི་གསང་བ་ཡིན་པ་བདེན་ཡང   ངས་གསང་བ་དེ་ཤེས་འདོད་པ་ནི
སྙན་ངག་ཅིག་དང་ཡིག་ཚོམ་ཞིག་གིས་མཚོན་མི་ནུས་པའང
ཁྱོད་ཀྱིས་ཤེས་ན་འགྲིག
ཞེན་སྲེད་ཀྱི་འཛུམ་མདངས་སྟོན་རྒྱུ་ནི་ངའང་མི་དགའ་ལ
བདེ་མོ་ཡི་ལག་པ་དེ་ཁྱོད་ཀྱིས་ཀྱང་མ་གཡུག
སི་ཁྲོན་བུ་མོ
འཕྲིན་ཐུང་ནི་འུ་གཉིས་ཀྱི་སྙིང་གཏམ་ཡིན་པ་དང
ཁ་པར་ནི་འུ་གཉིས་ཀྱི་ཐུག་གནས་ཡིན་པ་ཡིད་ལ་ཟུངས
རེ་སྙེག་གི་ཀློང་ན་དུངས་བ་ཡོད་ཅིང
བྲང་གཞུང་གི་ཕག་ན་སྙིང་ཆུང་ཡོད་པ   ཁྱོད་ཀྱིས་ཤེས་ན་འགྲིག
དེ་རིང་ངའི་སྙན་ངག་གི་གླེང་གཞི་ཁྱོད་ཡིན་ལ
སང་ཉིན་ངའི་སྙིང་ཆུང་གི་ཕྱེད་ཀ་ཁྱོད་ཡིན་པར་རློམ་ཡོད
འཕྲིན་པ་གཅིག  འཕྲིན་པ་གཉིས
སི་ཁྲོན་བུ་མོ   ཡོད་ཚད་དང་ཐམས་ཅད་ཁྱོད་ཡིན་ན་སྙམ

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།