ཁྱེད་ལ་མེ་ཏོག་གི་ལང་ཚོ་ཞིག


དབྱར་ཟླ་དྲུག་པའི་སྤང་ཁུག་གི་པང་ན
སྣ་བརྒྱའི་མེ་ཏོག་གི་ལང་ཚོ་ཡི་ཁྲོད་ན
སེར་ཆེན་མེ་ཏོག་བཞིན་བཞད་པའི་ཁྱེད་ཀྱི་ཞལ་རས
འཇའ་ཚོན་ལྟ་བུའི་སྐེ་དཀྲི་ཡི་གསེབ་ནས་དལ་བུར་མངོན་དུས
ང་ཡིས་ཁྱེད་ལ་ཅི་ཞིག་ཆད་པ་ནང་བཞིན
འགྲོ་འདུག་གི་བརླང་སྤྱོད་བར་ནས་མིག་མདའ་ཐེངས་མང་དུ་མི་འཕེན་ཀ་མེད་རེད
 
ཁ་བའི་རྡུལ་བརྩེགས་ཀྱི་གངས་རིའི་འདབས་ན
ཁ་ཆར་བུ་ཡུག་གི་ཙག་རླུང་ཁྲོད་ན
གངས་ལྷ་མེ་ཏོག་བཞིན་བཞད་པའི་ཁྱེད་ཀྱི་སྙིང་སྟོབས་དེར
ཀ་བ་ལྟ་བུའི་བརྟན་བརླིང་གི་རང་གཤིས་དལ་བུར་མངོན་དུས
ང་རང་ཁྱེད་ལ་ཇི་འདྲའི་སྨོན་པ་ནང་བཞིན
ལོ་ཟླ་ཡི་འཁོར་རྒྱུན་བར་ནས་ཁྱེད་རྗེས་སུ་ཡང་ཡང་མི་འདུག་ཀ་མེད་རེད
 
ནག་ནོག་གི་འདམ་རྫབ་རུམ་ནས
རྫབ་རྫོབ་ཀྱི་འདམ་ཆུའི་ནང་ནས
མེ་ཏོག་པད་མ་བཞིན་བཞད་པའི་ཁྱེད་ཀྱི་སེམས་པར
གངས་དཀར་ལྟ་བུའི་རང་མདངས་དལ་གྱིས་མངོན་དུས
ཁྱེད་རང་སུ་ཡིས་ང་ལ་བཅོལ་བ་ནང་བཞིན
སེམས་པའི་ཆེས་གཏིང་རིམ་ཞིག་ནས་མི་ཉར་ཀ་མེད་བྱུང
 
མེ་ཏོག་བཞིན་བཞད་པའི་ཁྱེད་རང་དྲན་ཐེངས་རེ་རེར
ང་རང་མེ་ཏོག་གི་ལང་ཚོ་ལ་རྔམ་བཞིན
དྲན་གདུང་གི་དངན་པ་རེ་རེའི་ཁྲོད་ནས
ཀུ་ཐུག་པའི་དུས་ཚོད་མང་བོ་ཕར་ལ་བསྐྱལ
གཉིད་མི་ཁུགས་པའི་མཚན་མོ་རེ་རེར
དུས་མི་འགྲོ་བའི་ཉིན་མོ་རེ་རེར
དྲན་གདུང་གིས་བཟི་རུ་བཅུག་ཀྱང  ཁྱེད་ལ་ཅིས་ཀྱང་བཤད་ཐབས་བྲལ
            ༢༠༡༠.༣.༢

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱེད་ལ་མེ་ཏོག་གི་ལང་ཚོ་ཞིག

2011-08-17 འབུར་མ། ཀློག་གྲངས། མཆན ཡོད།


དབྱར་ཟླ་དྲུག་པའི་སྤང་ཁུག་གི་པང་ན
སྣ་བརྒྱའི་མེ་ཏོག་གི་ལང་ཚོ་ཡི་ཁྲོད་ན
སེར་ཆེན་མེ་ཏོག་བཞིན་བཞད་པའི་ཁྱེད་ཀྱི་ཞལ་རས
འཇའ་ཚོན་ལྟ་བུའི་སྐེ་དཀྲི་ཡི་གསེབ་ནས་དལ་བུར་མངོན་དུས
ང་ཡིས་ཁྱེད་ལ་ཅི་ཞིག་ཆད་པ་ནང་བཞིན
འགྲོ་འདུག་གི་བརླང་སྤྱོད་བར་ནས་མིག་མདའ་ཐེངས་མང་དུ་མི་འཕེན་ཀ་མེད་རེད
 
ཁ་བའི་རྡུལ་བརྩེགས་ཀྱི་གངས་རིའི་འདབས་ན
ཁ་ཆར་བུ་ཡུག་གི་ཙག་རླུང་ཁྲོད་ན
གངས་ལྷ་མེ་ཏོག་བཞིན་བཞད་པའི་ཁྱེད་ཀྱི་སྙིང་སྟོབས་དེར
ཀ་བ་ལྟ་བུའི་བརྟན་བརླིང་གི་རང་གཤིས་དལ་བུར་མངོན་དུས
ང་རང་ཁྱེད་ལ་ཇི་འདྲའི་སྨོན་པ་ནང་བཞིན
ལོ་ཟླ་ཡི་འཁོར་རྒྱུན་བར་ནས་ཁྱེད་རྗེས་སུ་ཡང་ཡང་མི་འདུག་ཀ་མེད་རེད
 
ནག་ནོག་གི་འདམ་རྫབ་རུམ་ནས
རྫབ་རྫོབ་ཀྱི་འདམ་ཆུའི་ནང་ནས
མེ་ཏོག་པད་མ་བཞིན་བཞད་པའི་ཁྱེད་ཀྱི་སེམས་པར
གངས་དཀར་ལྟ་བུའི་རང་མདངས་དལ་གྱིས་མངོན་དུས
ཁྱེད་རང་སུ་ཡིས་ང་ལ་བཅོལ་བ་ནང་བཞིན
སེམས་པའི་ཆེས་གཏིང་རིམ་ཞིག་ནས་མི་ཉར་ཀ་མེད་བྱུང
 
མེ་ཏོག་བཞིན་བཞད་པའི་ཁྱེད་རང་དྲན་ཐེངས་རེ་རེར
ང་རང་མེ་ཏོག་གི་ལང་ཚོ་ལ་རྔམ་བཞིན
དྲན་གདུང་གི་དངན་པ་རེ་རེའི་ཁྲོད་ནས
ཀུ་ཐུག་པའི་དུས་ཚོད་མང་བོ་ཕར་ལ་བསྐྱལ
གཉིད་མི་ཁུགས་པའི་མཚན་མོ་རེ་རེར
དུས་མི་འགྲོ་བའི་ཉིན་མོ་རེ་རེར
དྲན་གདུང་གིས་བཟི་རུ་བཅུག་ཀྱང  ཁྱེད་ལ་ཅིས་ཀྱང་བཤད་ཐབས་བྲལ
            ༢༠༡༠.༣.༢

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།