ང་ནི་སྒྱུ་མའི་གྲོང་གི་གྲིབ་གཟུགས་ཤིག
ཁོ་མོ་མིག་ཆུ་ཕོར་བ་གང་གི་འཚབ་དུ
ལོ་རྒྱུས་སུ་རབ་རིབ་ངང་ཡི་གེ་ཞིག་གི་གསེབ་དུ་བཅུག་རྗེས
ལོ་ངོ་ག་ཚོད་ལ་མི་ཞིག་གིས་དུར་སྦེད་བྱས་པའི་ཤོག་ལྷེ་གཅིག་ཀྱང
རང་ཉིད་ཀྱི་ཁ་གཏད་ན་ཡོད་པའི་གྱང་ངོས་སུ
ད་དུང་རྙེད་མི་སྲིད་པའི་དུས་ཚོད་ཅིག་གི་ཁུག་མའི་ནང་དུ་ལྷུང
ང་ལ་མེ་ཏོག་ཅིག་མཁོ མེ་ཏོག་གི་དྲི་བསུང་ཅིག་མཁོ
ཆུ་བོ་དག་ཀྱང་མདུན་ཕྱོགས་སུ་འགྲོ་བ་འདྲ་ཡང
མཚན་མོའི་རྨི་ལམ་ནི་གཡང་གཟར་དེ་དང་མཚུངས་པ་ན
ཕྱེ་མ་ལེབ་ཀྱི་གཤོག་པ་མར་མེའི་ཁྲོད་དུ་ད་དུང་མེ་ཏོག་ལ་ཆགས
དེའི་ཕྱིར་ངས་ཆུ་བོས་རང་གི་ངོ་གདོང་དང་ལག་པ་བཀྲུས
ཕྱེད་ཀ་རང་ཉིད་དང་ཕྱེད་ཀ་ཁྱོད་ཀྱི་འཚབ་དུ་རུང་བ་ན
མིག་ནང་དུ་བུམ་པ་དང་འདྲ་བའི་སྣོད་ཀ་ཅི་ཙམ་སྟོང་བསམ་དུ་ཚུད
དེ་དུས་ཁོ་བོ་ནམ་ཡང་གཡོ་འགུལ་མེད་པའི་གྲིབ་གཟུགས་ཁོ་ན་སྟེ
སུ་ཞིག་གི་སྣང་བའི་ངོས་སུ་འཇའ་ཚོན་བཞིན་ངལ་གསོའི་བར་གྱི་ལོངས་སྤྱོད་དུ་འདོད
ང་ལ་ཅིས་ཀྱང་གནང་བ་རེ་མཁོ་འདུག ང་ལ་ཅིས་ཀྱང་གནང་བ་རེ་མཁོ་འདུག
2011 6 16
རྩོམ་ཁུངས། ངེད་དྲ་བ།