དེ་ནི་སྲིད་པ་ཆགས་གླུ་ཞིག


ལྗོན་ཤིང་ནི་འདབ་མ་དང་ཡལ་གས་བརྒྱན་པ་ན
ཞོགས་པའི་ཉི་ཟེར་ཡང་ཕྱེད་ཀ་ཕྱེད་ཀ་བྱས་ནས་འཆར་དགོས་པ་བདེན་ནམ
ང་ལ་སྙིང་ནས་དྲན་པའི་སྙན་ངག་པ་ཞིག་ཡོད
སྙན་ངག་པ་དེས་བྲིས་པའི་རང་བྱུང་གི་སྙན་ངག་ཅིག་ཡོད
སྙན་ངག་དེས་གདོད་མ་ཞེས་པའི་ལོ་རྒྱུས་ཤིག་གླེང་ཡོད་ལ
སྤྲེའུ་དང་མཉམ་དུ་ཡོད་པའི་མིའི་རིགས་ཀྱི་གྲིབ་གཟུགས་ཤིག་ཀྱང་བཞེངས་ཡོད
སྐབས་དེར་མེ་ལོང་ནང་ཁྱོད་ཀྱི་ངོ་གདོང་ཤོང་སྲིད་ལ
དེ་དང་མཉམ་དུ་འཇིག་སྲིད་པའི་འཇིག་རྟེན་ཞིག་ཀྱང
འཕྲུལ་ཆས་དེའི་སོ་བར་ནས་རྡུལ་ཕྲན་ཁ་ཤས་ལ་འབྱར་ནས་སླེབས་འོང

ཞོགས་པའི་ཉི་ཟེར་ནི་མཚམས་སྤྲིན་ལ་འདྲེས་ནས
བུ་མོ་ཞིག་གི་འཛུམ་མདངས་དང་འདྲ་བར་སླར་ཡང་ས་སྲོས་ལ་འཐིམས་འགྲོ
འོན་ཀྱང་ཟིལ་བ་ནི་གཙང་བོ་ཞིག་གི་མིག་ཆུ་ཡིན་རྒྱུ་ན
རང་ཉིད་ནི་དེ་དང་འདྲ་བར་སྐད་ཅིག་གི་འཇའ་ཚོན་དེ་དང་འདྲ
ས་གཞིའི་ངོ་གདོང་ནི་ཁྱོད་ཀྱིས་བལྟས་ན་ཆོག་པའི་མཚོ་མོ་ཞིག་ཡིན་ཡང
མཚན་མོའི་གསང་བ་ནི་མི་རེ་རེའི་རང་དབང་གི་ནམ་མཁའ་ཅིག

ང་ཚོ་གོ་ལ་གང་དུ་གནས་སྤོས་ནས་རང་ཉིད་ཀྱི་མེ་ལོང་འཚོལ
དེ་ནི་དཔེ་མི་སྲིད་པ་ཞིག་ཡིན་པས་ཕྱི་དྲོ་ཡང་བསྐྱར་ཉི་འོད་མཚམས་སྤྲིན་ལ་འདྲེས
རི་བོའི་ལྟག་རྒྱབ་ལ་ཡིབ་འགྲོ་བའི་ཉི་ཟེར་དང་འདྲ་བའི་མི་ཚེ་དེ་ནི
རྡོའི་སྟེང་དུ་ལྷུང་བའི་ཆུའི་ཐིགས་པ་བཞིན་ད་དུང་གང་དུ་བཞུར་དགོས་པ་བརྗེད་འདུག
དེ་ནི་ཁྱོད་ཀྱི་ཟློས་གར་དང་ངའི་འཁྲབ་གཞུང
ཡང་ན་ངའི་ཟློས་གར་དང་ཁྱོད་ཀྱི་འཁྲབ་གཞུང
                          ༢༠༡༡   ༧   ༢༩ཉིན་མེ་ཏོག་གི་ཉེ་འགྲམ་ན།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དེ་ནི་སྲིད་པ་ཆགས་གླུ་ཞིག

2011-08-10 དུག་ཞགས། ཀློག་གྲངས། མཆན ཡོད།


ལྗོན་ཤིང་ནི་འདབ་མ་དང་ཡལ་གས་བརྒྱན་པ་ན
ཞོགས་པའི་ཉི་ཟེར་ཡང་ཕྱེད་ཀ་ཕྱེད་ཀ་བྱས་ནས་འཆར་དགོས་པ་བདེན་ནམ
ང་ལ་སྙིང་ནས་དྲན་པའི་སྙན་ངག་པ་ཞིག་ཡོད
སྙན་ངག་པ་དེས་བྲིས་པའི་རང་བྱུང་གི་སྙན་ངག་ཅིག་ཡོད
སྙན་ངག་དེས་གདོད་མ་ཞེས་པའི་ལོ་རྒྱུས་ཤིག་གླེང་ཡོད་ལ
སྤྲེའུ་དང་མཉམ་དུ་ཡོད་པའི་མིའི་རིགས་ཀྱི་གྲིབ་གཟུགས་ཤིག་ཀྱང་བཞེངས་ཡོད
སྐབས་དེར་མེ་ལོང་ནང་ཁྱོད་ཀྱི་ངོ་གདོང་ཤོང་སྲིད་ལ
དེ་དང་མཉམ་དུ་འཇིག་སྲིད་པའི་འཇིག་རྟེན་ཞིག་ཀྱང
འཕྲུལ་ཆས་དེའི་སོ་བར་ནས་རྡུལ་ཕྲན་ཁ་ཤས་ལ་འབྱར་ནས་སླེབས་འོང

ཞོགས་པའི་ཉི་ཟེར་ནི་མཚམས་སྤྲིན་ལ་འདྲེས་ནས
བུ་མོ་ཞིག་གི་འཛུམ་མདངས་དང་འདྲ་བར་སླར་ཡང་ས་སྲོས་ལ་འཐིམས་འགྲོ
འོན་ཀྱང་ཟིལ་བ་ནི་གཙང་བོ་ཞིག་གི་མིག་ཆུ་ཡིན་རྒྱུ་ན
རང་ཉིད་ནི་དེ་དང་འདྲ་བར་སྐད་ཅིག་གི་འཇའ་ཚོན་དེ་དང་འདྲ
ས་གཞིའི་ངོ་གདོང་ནི་ཁྱོད་ཀྱིས་བལྟས་ན་ཆོག་པའི་མཚོ་མོ་ཞིག་ཡིན་ཡང
མཚན་མོའི་གསང་བ་ནི་མི་རེ་རེའི་རང་དབང་གི་ནམ་མཁའ་ཅིག

ང་ཚོ་གོ་ལ་གང་དུ་གནས་སྤོས་ནས་རང་ཉིད་ཀྱི་མེ་ལོང་འཚོལ
དེ་ནི་དཔེ་མི་སྲིད་པ་ཞིག་ཡིན་པས་ཕྱི་དྲོ་ཡང་བསྐྱར་ཉི་འོད་མཚམས་སྤྲིན་ལ་འདྲེས
རི་བོའི་ལྟག་རྒྱབ་ལ་ཡིབ་འགྲོ་བའི་ཉི་ཟེར་དང་འདྲ་བའི་མི་ཚེ་དེ་ནི
རྡོའི་སྟེང་དུ་ལྷུང་བའི་ཆུའི་ཐིགས་པ་བཞིན་ད་དུང་གང་དུ་བཞུར་དགོས་པ་བརྗེད་འདུག
དེ་ནི་ཁྱོད་ཀྱི་ཟློས་གར་དང་ངའི་འཁྲབ་གཞུང
ཡང་ན་ངའི་ཟློས་གར་དང་ཁྱོད་ཀྱི་འཁྲབ་གཞུང
                          ༢༠༡༡   ༧   ༢༩ཉིན་མེ་ཏོག་གི་ཉེ་འགྲམ་ན།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།