སློབ་མགོ་ཚུགས་ཉིན་གྱི་གྲུབ་འབྲས་དང་འདོགས་ཐག
གྲུབ་འབྲས།
འཆར་གཞི་གཡག་འདྲའི་ཤུལ་གྱི་གྲུབ་འབྲས་ཤིག་འདྲ་བ་འདི།
ང་རང་གཅིག་པུའི་བྱས་རྗེས་ག་ལ་ཡིན།
གཉིད་དང་རྨི་ལམ་གྱི་བྱིས་པ་རེད།
སློབ་གྲྭའི་སྒོ་ཆེན་ལ་འཛུལ་བའི་འཛིན་བྱང་བྱས་མི་ཆོག་རུང་།
གྲུབ་འབྲས་ཆགས་རོ་ཞིག་གི་ཐོབ་ཐང་ཅིས་ཀྱང་ཡོད།
སློབ་འགོ་ཚུགས་ཉིན།
གྲུབ་འབྲས་དང་དགེ་རྒན་གྱི་འཐབ་རེས་ཁྲོད་ནས།
སྐྲ་ལོ་འདི་རླུང་གིས་བྲེགས་པ་སུ་ལ་གསང་།
འདོགས་ཐག
ཆུང་མ་མེད་པས་འདོགས་ཐག་ཅིག་མེད་པར་འདོད་མོད།
ལུས་པོ་དང་སེམས་པ་སོ་སོར་གྱེས་པས་འདོགས་ཐག་ཅིག་གཞི་ནས་ཡོད་པ་ཚོར།
འདོགས་ཐག་འདི་གནམ་གྱི་ལག་པ་རེད།
ཟླ་བའི་མིག་ཟུང་རེད།
གང་ལ་སོང་ཡང་དེ་རུ་འཛིན་པའི་འདོགས་ཐག་རིང་བོ་ཞིག་རེད།
འདོགས་ཐག་འདི་ཆུང་འདྲིས་བྱམས་པའི་འབོད་སྒྲ་རེད།
སེམས་པ་རེད། ངུ་ངག་རེད།
འདོགས་ཐག་གིས་དམ་གྱིས་བཏགས་ན།
སློབ་འགོ་འདི་ཇི་ལྟར་འཛུགས།
འདོགས་ཐག་འདི་བཅད་ན།
སེམས་པ་གཉིས་ཤི་ཉེན་ཆེ།
འདོགས་ཐག་གིས་བཏགས་ན།
སློབ་འགོ་འདི་ཚུགས་པར་དཀའ།
རྩོམ་ཁུངས། ངེད་དྲ་བ།