ལྕེབས་འཆི་ལྷ་མོ།
ཁ་སང་དེ་རིང་གློག་མེད་པས།
ངས་མཆོད་མེ་སྤར་ནས་སྡོད་ཀྱིན་ཡོད།
རིགས་མི་འདྲ་བའི་འབུ་མང་པོ་ཞིག
ཕར་འཕུར་ཚུར་འཕུར་བྱེད་བཞིན།
མཆོད་མེའི་ཁ་རུ་གཡེང་བ་ནི།
བྱིས་པ་འཚུབ་པོ་འགས་ཁྲོན་པ་ཆུང་ངུ་ཞིག
ཕར་སྒོམ་ཚུར་སྒོམ་བྱེད་པ་དང་འདྲ།
དེ་རིང་གློ་བུར་དུ། ལྕེབས་འཆི་ལྷ་མོ་ཞིག
ངའི་ཤག་གི་རྩིག་ལྡེབས་ཀྱི་སྡོམ་དྲར་འཚུད་འདུག་པར་མཐོང་།
ངས་དེ་ཚུར་བླངས་ནས་རྣམ་རིག་བསྒྲིམས་ཏེ།
ལུས་ཀྱི་སྡོམ་དྲ་རེ་རེ་བཞིན་བཤུས་རྗེས།
དེས་ང་ལ་གུས་འདུད་ཙམ་ཡང་མི་བྱེད་པར།
ཤིན་ཏུ་ངོ་ཚ་བའི་ཚུལ་གྱིས་མཆོད་མེར་མཆོངས་སོང་།
དེ་ནི་རླུང་རྟ་ཆག་པའི་བྱིས་པ་ཞིག་ཁྲོན་པ་འོབས་པོ་ཞིག་ཏུ་ལྷུང་བ་དང་འདྲ།
༢༠༡༡ ༨ ༣
རྩོམ་ཁུངས། ངེད་དྲ་བ།