འདི་ལྟར་འབྲི་འདོད་པའི་སྐད་ཆ་ཁ་ཤས།
བྲང་ཁོག་འདིའི་ཚ་དྲོད་ཀྱིས་བྲིས་ལ
མིག་ཆུ་འཛད་བྱེད་དུ་བཞག་འདྲའི ཁ་ཆེམས་ལྟ་བུའི་ཡིག་འབྲི་དེ་དག
བརྩེ་བ་དང་དྭངས་གཙང་གི་རྒྱབ་རོལ་དུ
ཤོག་ལྷེ་དཀར་བོ་རེའི་སྟེང་ན ནག་རོག་རོག་ངང་ལུས་འདུག
ཅི་ཞིག་གིས་མ་འདང་བ་ལྟ་བུའི་མི་འགའ་རེས
ཤོག་ལྷེ་དེ་མེ་ལ་བསྒྲོན་ཚུལ་དང ཧྲགས་སེ་གཤགས་ཚུལ་ལ་བལྟས་ན
བརྩི་བཀུར་ཞེས་པའང ཁོ་ཚོར་མཚོན་ན
ཧ་ཅང་དགོས་མཁོ་དང་བྲལ་ཞིང་དོར་རན་པའི་དངོས་པོ་རྙིང་བ་ཞིག
ཁྱེད་ཀྱིས་རྙེད་མི་སྲིད་པ་ནི་མི་སེམས་ཀྱི་དྲོད་དང་བརྩེ་བ་ཡིན་པས
ཁྱེད་ནམ་ཡང་གོམས་ཡོད་པའང་མཐོང་ཆུང་ཞེས་པའི་མིང་ཚིག་རྫོབ་པོ་དེ་རེད
ཅི་ཞིག་མཐོང་གིན་མ་འདུག་པའི་སྟོང་ཆ་ལྟ་བུའི་མི་
འདང་རྒྱག་ཁ་ཤས་ཀྱི་ཐོབ་འབྲས་སུ ཁྱེད་ལྗིད་ཏིག་གེར་ཙོག་འདུག
༢༠༡༡ ༠༦ ༨
རྩོམ་ཁུངས། ངེད་དྲ་བ།