ཅི་ཞིག་བོར་སོང་བ་ཡིན་ནམ། ཅི་ཞིག་འཚོལ་གྱིན་པ་ཡིན་ནམ།

གྲོག་མ་ཁ་ཤས་ཅོག་ཙེ་སྟེང་ན་འགྲོ་འོང་བྱེད
ཅི་ཞིག་བོར་སོང་བ་ཡིན་ནམ  ཅི་ཞིག་འཚོལ་གྱིན་པ་ཡིན་ནམ
 
གལ་ཏེ་གྲོག་མ་དེ་ཚོ་རང་ཉིད་ཡིན་པའི་དབང་དུ་བཏང་ན
རང་ཉིད་ཀྱི་བྲང་ཤ་ཀླན་ས་དེ་བོར་སོང་བ་རེད
རང་ཉིད་ཀྱིས་སེམས་ཀྱི་མལ་ས་དེ་འཚོལ་གྱིན་ཡོད་པ་རེད
གལ་ཏེ་གྲོག་མ་དེ་ཚོ་ཁྱོད་རང་ཡིན་པའི་དབང་དུ་བཏང་ན
ཁྱོད་ཀྱི་རྒྱང་རིང་གི་རྒྱང་རིང་དེ་བོར་སོང་བ་རེད
ཁྱོད་ཀྱིས་ལོ་མ་ལྗང་གུ་དེ་འཚོལ་གྱིན་ཡོད་པ་རེད
གལ་ཏེ་གྲོག་མ་དེ་ཚོ་ཁོ་རང་ཡིན་པའི་དབང་དུ་བཏང་ན
ཁོ་རང་གི་ཡུབ་ཆེན་གྱི་གདོང་བོར་སོང་བ་རེད
ཁོ་རང་གིས་རུས་རྐང་གི་སྙིང་འཚོལ་གྱིན་ཡོད་པ་རེད
གལ་ཏེ་གྲོག་མ་དེ་ཚོ་ང་ཚོ་ཡིན་པའི་དབང་དུ་བཏང་ན
ང་ཚོ་ཡི་ང་ཚོ་བོར་སོང་བ་རེད
ང་ཚོ་ཡིས་ང་ཚོ་འཚོལ་གྱིན་ཡོད་པ་རེད
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཅི་ཞིག་བོར་སོང་བ་ཡིན་ནམ། ཅི་ཞིག་འཚོལ་གྱིན་པ་ཡིན་ནམ།

2011-08-03 དེ་ཉིད། ཀློག་གྲངས། མཆན ཡོད།

གྲོག་མ་ཁ་ཤས་ཅོག་ཙེ་སྟེང་ན་འགྲོ་འོང་བྱེད
ཅི་ཞིག་བོར་སོང་བ་ཡིན་ནམ  ཅི་ཞིག་འཚོལ་གྱིན་པ་ཡིན་ནམ
 
གལ་ཏེ་གྲོག་མ་དེ་ཚོ་རང་ཉིད་ཡིན་པའི་དབང་དུ་བཏང་ན
རང་ཉིད་ཀྱི་བྲང་ཤ་ཀླན་ས་དེ་བོར་སོང་བ་རེད
རང་ཉིད་ཀྱིས་སེམས་ཀྱི་མལ་ས་དེ་འཚོལ་གྱིན་ཡོད་པ་རེད
གལ་ཏེ་གྲོག་མ་དེ་ཚོ་ཁྱོད་རང་ཡིན་པའི་དབང་དུ་བཏང་ན
ཁྱོད་ཀྱི་རྒྱང་རིང་གི་རྒྱང་རིང་དེ་བོར་སོང་བ་རེད
ཁྱོད་ཀྱིས་ལོ་མ་ལྗང་གུ་དེ་འཚོལ་གྱིན་ཡོད་པ་རེད
གལ་ཏེ་གྲོག་མ་དེ་ཚོ་ཁོ་རང་ཡིན་པའི་དབང་དུ་བཏང་ན
ཁོ་རང་གི་ཡུབ་ཆེན་གྱི་གདོང་བོར་སོང་བ་རེད
ཁོ་རང་གིས་རུས་རྐང་གི་སྙིང་འཚོལ་གྱིན་ཡོད་པ་རེད
གལ་ཏེ་གྲོག་མ་དེ་ཚོ་ང་ཚོ་ཡིན་པའི་དབང་དུ་བཏང་ན
ང་ཚོ་ཡི་ང་ཚོ་བོར་སོང་བ་རེད
ང་ཚོ་ཡིས་ང་ཚོ་འཚོལ་གྱིན་ཡོད་པ་རེད
 
གྲོག་མ་ཁ་ཤས་ཅོག་ཙེ་སྟེང་ན་འགྲོ་འོང་བྱེད
ཅི་ཞིག་བོར་སོང་བ་ཡིན་ནམ  ཅི་ཞིག་འཚོལ་གྱིན་པ་ཡིན་ནམ
 
རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།