ང་ཕ་ཡུལ་ལ་ལོག་འདོད།


གཞན་ཡུལ་གྱི་ས་མཐའ་འདི་ན།
དེང་དུས་ཀྱི་ཁང་བརྩེགས་མང་ན་ཡང་།
ང་རང་གི་ཡུལ་ལ།
ཨ་མའི་རྡོ་ཁང་ཆུང་ཆུང་།
ང་རང་སེམས་པ་དྲོ་སའི་ཁང་ཆུང་།
ཨ་མའི་རྡོ་ཁང་དྲན་དུས།
ང་ཡུལ་ལ་ལོག་ན་འདོད།

ཆ་མེད་ཀྱི་གཞན་ཡུལ་འདི་ན།
སྣ་ཚོགས་ཀྱི་ལྡུམ་ར་མང་མོད།
ང་རང་གི་ཡུལ་ལ།
གངས་ལྷ་མེ་ཏོག་དང་མུ་མེད་ཀྱི་སྤང་ཐང་ཡོད།
རི་ཀླུང་གི་མཛེས་སྡུག་དྲན་དུས།
ང་ཡུལ་ལ་ལོག་ན་འདོད།

གཞན་ཡུལ་གྱི་ས་མཐའ་འདི་ན།
རིགས་རུས་མི་གཅིག་པའི་མི་ཚོགས་མང་ན་ཡང་།
ང་རང་གི་ཡུལ་ལ།
མིང་སྲིང་གི་དུང་བ་ཟབ་པའི་གཅེན་གཅུང་ཚོས་སྒུག་ནས་ཡོད།
གཅེན་གཅུང་ཚོ་དྲན་པའི་ན་ཟུག་ལྡང་དུས།
ང་ཡུལ་ལ་ལོག་འདོད།

རྒྱུས་མེད་ཀྱི་མི་ཡུལ་འདི་ན།
རྒྱ་མཚོའི་རྦ་རླབས་མཐོ་ཡང་།
ང་རང་གི་ཡུལ་ལ།
མུ་ལ་མུ་འབྲེལ་གྱི་གངས་རི་ར་བ་ཡོད།
ཟུར་དྲུག་ཁ་བའི་མེ་ཏོག་དྲན་དུས།
ང་ཡུལ་ལ་ལོག་ན་འདོད།

ས་མཐའི་གཞན་ཡུལ་འདི་ན།
དུས་རབས་ཀྱི་གོམ་སྟབས་མྱུར་ན་ཡང་།
ས་མཐའ་འདི་ཕ་ས་མིན་ཕྱིར།
ལྷིང་འཇགས་ཀྱི་སེམས་པ་ཞིག་བདག་ལ་མེད་དུས།
གནས་འདི་ནས་བྱ་རྒྱལ་རྒོད་པོ་བཞིན་དུ།
ནམ་འཕང་གི་དགུང་ལ་རེག་ནས།
ཆེས་སྐྱིད་པའི་ཕ་ས་དེར།
ང་རང་ལོག་ན་འདོད།
ངོ་མ།      ང་ཡུལ་ལ་ལོག་ན་འདོད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཕ་ཡུལ་ལ་ལོག་འདོད།

2011-07-31 རིག་འཛིན། ཀློག་གྲངས། མཆན ཡོད།


གཞན་ཡུལ་གྱི་ས་མཐའ་འདི་ན།
དེང་དུས་ཀྱི་ཁང་བརྩེགས་མང་ན་ཡང་།
ང་རང་གི་ཡུལ་ལ།
ཨ་མའི་རྡོ་ཁང་ཆུང་ཆུང་།
ང་རང་སེམས་པ་དྲོ་སའི་ཁང་ཆུང་།
ཨ་མའི་རྡོ་ཁང་དྲན་དུས།
ང་ཡུལ་ལ་ལོག་ན་འདོད།

ཆ་མེད་ཀྱི་གཞན་ཡུལ་འདི་ན།
སྣ་ཚོགས་ཀྱི་ལྡུམ་ར་མང་མོད།
ང་རང་གི་ཡུལ་ལ།
གངས་ལྷ་མེ་ཏོག་དང་མུ་མེད་ཀྱི་སྤང་ཐང་ཡོད།
རི་ཀླུང་གི་མཛེས་སྡུག་དྲན་དུས།
ང་ཡུལ་ལ་ལོག་ན་འདོད།

གཞན་ཡུལ་གྱི་ས་མཐའ་འདི་ན།
རིགས་རུས་མི་གཅིག་པའི་མི་ཚོགས་མང་ན་ཡང་།
ང་རང་གི་ཡུལ་ལ།
མིང་སྲིང་གི་དུང་བ་ཟབ་པའི་གཅེན་གཅུང་ཚོས་སྒུག་ནས་ཡོད།
གཅེན་གཅུང་ཚོ་དྲན་པའི་ན་ཟུག་ལྡང་དུས།
ང་ཡུལ་ལ་ལོག་འདོད།

རྒྱུས་མེད་ཀྱི་མི་ཡུལ་འདི་ན།
རྒྱ་མཚོའི་རྦ་རླབས་མཐོ་ཡང་།
ང་རང་གི་ཡུལ་ལ།
མུ་ལ་མུ་འབྲེལ་གྱི་གངས་རི་ར་བ་ཡོད།
ཟུར་དྲུག་ཁ་བའི་མེ་ཏོག་དྲན་དུས།
ང་ཡུལ་ལ་ལོག་ན་འདོད།

ས་མཐའི་གཞན་ཡུལ་འདི་ན།
དུས་རབས་ཀྱི་གོམ་སྟབས་མྱུར་ན་ཡང་།
ས་མཐའ་འདི་ཕ་ས་མིན་ཕྱིར།
ལྷིང་འཇགས་ཀྱི་སེམས་པ་ཞིག་བདག་ལ་མེད་དུས།
གནས་འདི་ནས་བྱ་རྒྱལ་རྒོད་པོ་བཞིན་དུ།
ནམ་འཕང་གི་དགུང་ལ་རེག་ནས།
ཆེས་སྐྱིད་པའི་ཕ་ས་དེར།
ང་རང་ལོག་ན་འདོད།
ངོ་མ།      ང་ཡུལ་ལ་ལོག་ན་འདོད།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།