ཕ་ཡུལ་ཡ་ཕ་ཡུལ།


ལོ་མགོའི་ཁ་བ་དང་འགྲོག་ནས་ཕ་ཡུལ་དང་གྱེས་ཐེངས་རེ
ཕྱི་མིག་ཞིག་ཅེས་ཀྱང་བལྟ་དགོས་པ་རེད
ཕྱི་མིག་དེ་ཡང་ཞེན་ཆགས་ཞིག་ག་ལ་མིན

ནམ་རྒྱུན ་རང་ཉིད་ལ་དུས་ཚོད་རེ་ལྷག་དུས
ཕ་ཡུལ་ལ་མྱ་ངན་འཐོར་གྱིན་ཨེ་ཡོད་འདོད
འདི་ཕྱོགས་སུ་དབྱར་མགོ་ཚུགས་དུས
ཕ་ཡུལ་མཛེས་སྡུག་གི་རྣམ་པ་ཡང་ཡང་དྲན་འོང

དུངས་ཞེན་གྱི་ལག་པ་ཐོད་ལ་བཞག་ཏེ་བལྟས་པ་ན
ཕ་ཡུལ་གྱི་ནམ་མཁའ་ན་རྒྱུ་བའི་སྤྲིན་པ
ད་དུང་ཁ་བ་དང་ཉི་འོད་དེ་དག
བརྩེ་བ་དེའི་ཡང་སྙིང་དུ་གྱུར་ཡོད་པ་རེད་ལ
ཕ་ཡུལ་ནི་རྨི་ལམ་གྱི་དག་ཞིང་ཞིག་ཁྱོན་ནས་རེད

སྐབས་སྐབས་སུ་ཕ་ཡུལ་ནི་བྱིས་པ་ཞིག་དང་འདྲ་བར
ནར་མ་སོན་པའི་བྱིས་པ་རྣབ་དྲུད་ཞིག་ཏེ
ད་དུང་རང་སྐད་གཙང་མ་ཞིག་ཀྱང་ཤོད་ཚོད་མི་འདུག་ལ
རང་ཉིད་ཀྱི་ལམ་བུ་བོར་མ་ཟིན་གྱིས
ཕ་ས་དང་སྒོ་ཕྱུགས་མཐའ་དག་ཀྱང
ཤོག་སྒོར་སྤར་མོ་གང་ལ་བརྗེས་འདུག་པ་རེད

མཚམས་མཚམས་སུ་ཕ་ཡུལ་ནས
ཅི་ཞིག་ལས་སོང་བ་ལྟ་བུའི་སྣང་བ་ཞིག་གིས
རྨི་ལམ་རེ་རེ་ཕ་ཡུལ་གྱི་དོན་དུ་རྨིས་པ་ཡིན་ཀྱང
ཕ་ཡུལ་ནི་ཁྱོན་ནས་མྱོས་ཡག་རེད་དེ
ཨུ་ཚུགས་ཀྱི་ལྕགས་སྒོ་སྲིབ་མེད་ཅིག་གི་ནང་རོལ་ན
སུ་ལ་ཡང་མི་དུད་པའི་མགོ་བོ་གནམ་ལ་བགྲེང
ཕ་ཡུལ་ལ་བསྐུར་བའི་སྐད་ཆ་རེ་རེ
སྡོང་ལོ་བཞིན་རྙིད་ནས་ས་རུ་ཟེགས

བར་དེར་ཕ་ཡུལ་ལ་བཤད་པའི་སྤོབས་པ་བྲལ་ཡང
སེམས་པ་དེ་གེགས་མེད་སྒྲིབ་མེད་དུ
ཕ་ཡུལ་གྱི་པང་དུ་མགོ་བོ་གླན་ཏེ
དུངས་ཞེན་གྱི་དབྱངས་རྟ་རེ་རེ
རི་རྩེའི་ན་བུན་དང་སྡེབ་ནས་ཕྱོགས་སུ་འཐེན
འདི་ནི་ངའི་ཕ་ཡུལ་ལ་གླན་པའི་སེམས་པ་ཡིན་ལ
འདི་ནི་ངའི་རེ་སྨོན་འང་ཡིན་་་་་་་་
         ༢༠༡༡   ༡༡   ༡ལ་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕ་ཡུལ་ཡ་ཕ་ཡུལ།

2011-11-30 བཙན་ཞགས། ཀློག་གྲངས། མཆན ཡོད།


ལོ་མགོའི་ཁ་བ་དང་འགྲོག་ནས་ཕ་ཡུལ་དང་གྱེས་ཐེངས་རེ
ཕྱི་མིག་ཞིག་ཅེས་ཀྱང་བལྟ་དགོས་པ་རེད
ཕྱི་མིག་དེ་ཡང་ཞེན་ཆགས་ཞིག་ག་ལ་མིན

ནམ་རྒྱུན ་རང་ཉིད་ལ་དུས་ཚོད་རེ་ལྷག་དུས
ཕ་ཡུལ་ལ་མྱ་ངན་འཐོར་གྱིན་ཨེ་ཡོད་འདོད
འདི་ཕྱོགས་སུ་དབྱར་མགོ་ཚུགས་དུས
ཕ་ཡུལ་མཛེས་སྡུག་གི་རྣམ་པ་ཡང་ཡང་དྲན་འོང

དུངས་ཞེན་གྱི་ལག་པ་ཐོད་ལ་བཞག་ཏེ་བལྟས་པ་ན
ཕ་ཡུལ་གྱི་ནམ་མཁའ་ན་རྒྱུ་བའི་སྤྲིན་པ
ད་དུང་ཁ་བ་དང་ཉི་འོད་དེ་དག
བརྩེ་བ་དེའི་ཡང་སྙིང་དུ་གྱུར་ཡོད་པ་རེད་ལ
ཕ་ཡུལ་ནི་རྨི་ལམ་གྱི་དག་ཞིང་ཞིག་ཁྱོན་ནས་རེད

སྐབས་སྐབས་སུ་ཕ་ཡུལ་ནི་བྱིས་པ་ཞིག་དང་འདྲ་བར
ནར་མ་སོན་པའི་བྱིས་པ་རྣབ་དྲུད་ཞིག་ཏེ
ད་དུང་རང་སྐད་གཙང་མ་ཞིག་ཀྱང་ཤོད་ཚོད་མི་འདུག་ལ
རང་ཉིད་ཀྱི་ལམ་བུ་བོར་མ་ཟིན་གྱིས
ཕ་ས་དང་སྒོ་ཕྱུགས་མཐའ་དག་ཀྱང
ཤོག་སྒོར་སྤར་མོ་གང་ལ་བརྗེས་འདུག་པ་རེད

མཚམས་མཚམས་སུ་ཕ་ཡུལ་ནས
ཅི་ཞིག་ལས་སོང་བ་ལྟ་བུའི་སྣང་བ་ཞིག་གིས
རྨི་ལམ་རེ་རེ་ཕ་ཡུལ་གྱི་དོན་དུ་རྨིས་པ་ཡིན་ཀྱང
ཕ་ཡུལ་ནི་ཁྱོན་ནས་མྱོས་ཡག་རེད་དེ
ཨུ་ཚུགས་ཀྱི་ལྕགས་སྒོ་སྲིབ་མེད་ཅིག་གི་ནང་རོལ་ན
སུ་ལ་ཡང་མི་དུད་པའི་མགོ་བོ་གནམ་ལ་བགྲེང
ཕ་ཡུལ་ལ་བསྐུར་བའི་སྐད་ཆ་རེ་རེ
སྡོང་ལོ་བཞིན་རྙིད་ནས་ས་རུ་ཟེགས

བར་དེར་ཕ་ཡུལ་ལ་བཤད་པའི་སྤོབས་པ་བྲལ་ཡང
སེམས་པ་དེ་གེགས་མེད་སྒྲིབ་མེད་དུ
ཕ་ཡུལ་གྱི་པང་དུ་མགོ་བོ་གླན་ཏེ
དུངས་ཞེན་གྱི་དབྱངས་རྟ་རེ་རེ
རི་རྩེའི་ན་བུན་དང་སྡེབ་ནས་ཕྱོགས་སུ་འཐེན
འདི་ནི་ངའི་ཕ་ཡུལ་ལ་གླན་པའི་སེམས་པ་ཡིན་ལ
འདི་ནི་ངའི་རེ་སྨོན་འང་ཡིན་་་་་་་་
         ༢༠༡༡   ༡༡   ༡ལ་བྲིས།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།