དྲ་ངོས་བུ་མོར་ཆགས་པའི་དུང་སེམས།
འདི་ཡང་ལས་དབང་ཞིག་ཡིན་ནམ
ཁྱོད་དང་འུ་གཉིས་ཕན་ཚུན་ཆ་རྒྱུས་ནི་མེད་ཀྱང
འདུ་བྲེལ་ཆེ་བའི་མཚན་མོ་ཞིག་ལ
ཅི་ཡང་སྨྲ་མི་ཤེས་བའི་གློག་ཀླད་གཉིས་ཀྱི་འགྲམ་ངོགས་ནས
ངས་དང་ཐོག་གི་སྙིང་གཏམ་ཁྱོད་ལ་བརྗོད
བརྩེ་དུང་གི་གོམ་ཁ་ཁྱེད་ལ་སྙེག
ཕན་ཚུན་དགོད་གཏམ་དང་སྙིང་གཏམ་གླེང་བཞིན
བརྩེ་སེམས་ཀྱི་དར་སྐུད་རིང་མོ
ཡུག་གཅིག་ལ་སྦྲེལ
ཁྱོད་ཀྱི་འཛུམ་མདངས
ང་ཡི་དགོད་སྒྲ
དུང་སེམས་ཀྱི་ལོ་འདབ་གཅིག་ལ་འཁྱིལ
ཡིན་ཡང དུས་ཚོད་ཅིག་གི་བསྣོལ་མཚམས་ལས
བདེ་མོ་ཞིག་གི་ཁ་གཡང་བསྒྲོན་བཞིན་བྲལ་དགོས་བྱུང
བྲལ་འགྱུར་གྱི་ལོ་ཟླ་ཅི་འདྲའི་རིང་ཡང
དམར་ཆུང་གི་སེམས་པ་འདི
ད་དུང་གློག་ཀླད་དེའི་དྲ་ངོས་ནས
ཁྱེད་ཀྱི་མཛེས་སྡུག་གི་འཛུམ་ཞལ་དང་བསྡོངས་ནས་ལུས་སོང
༢༠༡༡ལོའི་ཟླ༡༡ཚེས་༡༡ཉིན།
རྩོམ་ཁུངས། ངེད་དྲ་བ།