སྒེའུ་ཁུང་ལས་བལྟས་པ།
སྒེའུ་ཁུང་གི་ཕྱི་རོལ་སྟོང་བའི་དབྱིངས།
སྤྲིན་པ་ཚོམ་བུ་རེ་ལྷོད་ཀྱིས་རྒྱུ།
བདག་སེམས་ཀྱི་བརྩེ་བའི་མེ་ཏོག་དེ།
སྤྲིན་དཀར་གྱི་མགུལ་ལ་སྒྲོན།
བསིལ་རླུང་གི་ལག་པས་རྒྱང་ནས་རྒྱང་ལ་འཐེན།
༢༠༠༩ལོའི་ཟླ༥པའི་ཚེས་༢༠ཉིན་ལ།
རྩོམ་ཁུངས། ངེད་དྲ་བ།