གྲང་རླུང་།

རྣམ་གླིང་རིན་ཆེན།༼གཞིས་ཀ་རྩེ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-11-23


གྲང་རླུང་ཞིག་འུར་འུར་དུ་ལྡང་བྱུང
རླུང་བུ་དེས་སྟོན་མཇུག་གི་ལོ་མ་ཤག་ཤག་ཏུ་གཡོས་ཤིང
མིག་མདུན་གྱི་ཡོད་དོ་ཅོག         རྡུལ་འཚུབ་མེར་གཉིད་ལས་བསླངས་སོང
ད་དུང     ཁུ་སིམ་སིམ་གྱི་ང་རང
ཁུ་སིམ་སིམ་གྱི་རྨི་ལམ་ལས་ཁད་དེ་དཀྲོགས
གློ་བུར་དུ་བརྡོལ་བའི་གྲང་རླུང་དེས   
 ངའི་སེམས་པ་འཁྱགས་རོམ་གྱི་སྦུབས་སུ་བཅུག་ཅིང
ངའི་དོན་ལྔ་སྣོད་དྲུག་གི་ལྷུ་ལག་ལ་གས་ཁ་བཏང  
ནམ་རྒྱུན    གྲང་རླུང་དེ་ངའི་སྙིང་ཆུང་ཕྲ་མོར་ལྡང་ཐེངས་རེར
ངའི་སེམས་དབུས་ཀྱི་ལུག་ཁྱུ་འུར་གྱིས་དཀྲོགས་ནས
ཁུ་སིམ་མེར་ཞེན་པའི་ང་རང
ལྷིང་འཇགས་ཀྱི་ཞིང་གྲོང་བསྙེགས་སུ་མ་བཅུག་པར
འདུ་འཛི་དང་དྲི་ངད་ཀྱིས་ཁེངས་པའི་དམྱལ་ཁམས་དེར་འཕྱན་པར་སྐུལ
གྲང་རླུང་ཨང     གྲང་རླུང
 ཁྱོད་ཀྱིས    ངའི་ཡིད་ཀྱི་ཞིང་ས་གཤིན་པོ་ཐལ་བའི་རྡུལ་དུ་བརླགས་ཤིང
ངའི་རྩ་ལམ་དུ་རྒྱུགས་པའི་ཁྲག་རྒྱུན་དམར་པོ་འཁྱགས་པས་བསྡམས
ད་དུང    རྒྱང་རིང་གི་མ་ཕམ་གཡུ་མཚོ་དྲན་པ་ཐོར་བར་བྱས་ཤིང
སེམས་དབུས་ཀྱི་ཁྲི་ཤོར་རྒྱལ་མོ
གྲང་རེག་གི་འཇིག་རྟེན་དུ་གཉིད་དུ་ཡུར་བར་བཅུག་དོན་ཅི
ཀྱེ་ཀྱེ     གྲང་རླུང་ཨང   གྲང་རླུང
ཁྱོད་ཀྱིས་མཆེ་བ་བགྲད་ནས   སྡེར་མ་བརྐྱངས་ནས    སྨྲེ་ངག་སྒྲོག་ནས
བཙས་མ་ཐག་པའི་ལུ་གུ་ཆུང་ཆུང་དེར་མནར་གཅོད་མ་གཏོང་རོགས
ཤང་ཤང་དུ་རྒྱུགས་པའི་ཆུ་ཕྲན་དེའི་དབུག་རྒྱུན་མ་གཅོད་རོགས
འཛུམ་མདངས་ངང་གྲོལ་བའི་མེ་ཏོག་དེའི་ཚེ་སྲོག་མ་བཀུམ་རོགས
དྲོད་ཁོལ་དང་འོད་སྣང་ཕྲ་མོའི་སྒྱུ་མ་ལན་བརྒྱར་མ་བཏུབས་ཀྱེ
གལ་ཏེ      ནམ་ཞིག་གྲང་རླུང་དེ་ལྷིང་འཇགས་པའི་དབང་དུ་བཏང་ན
ཁ་བའི་གྲོང་དེར་བསིལ་རླུང་འཇམ་པོ་ཞིག་ལྡང་སྲིད་དམ
རེ་བ་དང་དྲོད་ཁོལ་གྱི་ཉི་མ་ཞིག་འཆར་ཨེ་སྲིད
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲང་རླུང་།

2011-11-23 རྣམ་གླིང་རིན་ཆེན།༼གཞིས་ཀ་རྩེ༽ ཀློག་གྲངས། མཆན ཡོད།


གྲང་རླུང་ཞིག་འུར་འུར་དུ་ལྡང་བྱུང
རླུང་བུ་དེས་སྟོན་མཇུག་གི་ལོ་མ་ཤག་ཤག་ཏུ་གཡོས་ཤིང
མིག་མདུན་གྱི་ཡོད་དོ་ཅོག         རྡུལ་འཚུབ་མེར་གཉིད་ལས་བསླངས་སོང
ད་དུང     ཁུ་སིམ་སིམ་གྱི་ང་རང
ཁུ་སིམ་སིམ་གྱི་རྨི་ལམ་ལས་ཁད་དེ་དཀྲོགས
གློ་བུར་དུ་བརྡོལ་བའི་གྲང་རླུང་དེས   
 ངའི་སེམས་པ་འཁྱགས་རོམ་གྱི་སྦུབས་སུ་བཅུག་ཅིང
ངའི་དོན་ལྔ་སྣོད་དྲུག་གི་ལྷུ་ལག་ལ་གས་ཁ་བཏང  
ནམ་རྒྱུན    གྲང་རླུང་དེ་ངའི་སྙིང་ཆུང་ཕྲ་མོར་ལྡང་ཐེངས་རེར
ངའི་སེམས་དབུས་ཀྱི་ལུག་ཁྱུ་འུར་གྱིས་དཀྲོགས་ནས
ཁུ་སིམ་མེར་ཞེན་པའི་ང་རང
ལྷིང་འཇགས་ཀྱི་ཞིང་གྲོང་བསྙེགས་སུ་མ་བཅུག་པར
འདུ་འཛི་དང་དྲི་ངད་ཀྱིས་ཁེངས་པའི་དམྱལ་ཁམས་དེར་འཕྱན་པར་སྐུལ
གྲང་རླུང་ཨང     གྲང་རླུང
 ཁྱོད་ཀྱིས    ངའི་ཡིད་ཀྱི་ཞིང་ས་གཤིན་པོ་ཐལ་བའི་རྡུལ་དུ་བརླགས་ཤིང
ངའི་རྩ་ལམ་དུ་རྒྱུགས་པའི་ཁྲག་རྒྱུན་དམར་པོ་འཁྱགས་པས་བསྡམས
ད་དུང    རྒྱང་རིང་གི་མ་ཕམ་གཡུ་མཚོ་དྲན་པ་ཐོར་བར་བྱས་ཤིང
སེམས་དབུས་ཀྱི་ཁྲི་ཤོར་རྒྱལ་མོ
གྲང་རེག་གི་འཇིག་རྟེན་དུ་གཉིད་དུ་ཡུར་བར་བཅུག་དོན་ཅི
ཀྱེ་ཀྱེ     གྲང་རླུང་ཨང   གྲང་རླུང
ཁྱོད་ཀྱིས་མཆེ་བ་བགྲད་ནས   སྡེར་མ་བརྐྱངས་ནས    སྨྲེ་ངག་སྒྲོག་ནས
བཙས་མ་ཐག་པའི་ལུ་གུ་ཆུང་ཆུང་དེར་མནར་གཅོད་མ་གཏོང་རོགས
ཤང་ཤང་དུ་རྒྱུགས་པའི་ཆུ་ཕྲན་དེའི་དབུག་རྒྱུན་མ་གཅོད་རོགས
འཛུམ་མདངས་ངང་གྲོལ་བའི་མེ་ཏོག་དེའི་ཚེ་སྲོག་མ་བཀུམ་རོགས
དྲོད་ཁོལ་དང་འོད་སྣང་ཕྲ་མོའི་སྒྱུ་མ་ལན་བརྒྱར་མ་བཏུབས་ཀྱེ
གལ་ཏེ      ནམ་ཞིག་གྲང་རླུང་དེ་ལྷིང་འཇགས་པའི་དབང་དུ་བཏང་ན
ཁ་བའི་གྲོང་དེར་བསིལ་རླུང་འཇམ་པོ་ཞིག་ལྡང་སྲིད་དམ
རེ་བ་དང་དྲོད་ཁོལ་གྱི་ཉི་མ་ཞིག་འཆར་ཨེ་སྲིད
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།