ཉིན་དེར་ང་འབར་ཁམས་ལ་ཐོན་ཡོད།

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-11-19

རླངས་འཁོར་གྱི་ཕང་བར་བསྡད་དེ
ལམ་ཐག་ཡོད་ཚད་སེམས་ཀྱིས་འཇལ་ཞིང
རི་ཀླུང་ཐམས་ཅད་བློ་ལ་སིམ་བཞིན
ཉིན་དེར་ང་འབར་ཁམས་ལ་ཐོན་ཡོད
 
འབར་ཁམས་ལ་ཐོན་པ་ནི
ངའི་བློ་ཡུལ་གྱི་གྲོང་ཁྱེར་དེར་སླེབས་པ་དང་ཡེ་ནས་མི་འདྲ་ཞིང
དངོས་ནས་གནའ་གྲོང་ཞིག་ལ་ཐོན་པ་དེ་ཡིན་འདུག
འབར་ཁམས་ནས་ངས་‘གཞུང་ཞབས་པ’་ཞེས་པའི་མིང་དེར་འཐམས་མྱོངས
འབར་ཁམས་ནས་ངས་བོད་ཁང་གྲུ་བཞི་ཞིག་ཀྱང་སེམས་ཀྱིས་མཐོང་མྱོངས
 
གྲོགས་པོ་ལགས
འབར་ཁམས་ནས་གོམ་པ་ལྷོད་ཀྱིས་སྤོ་དགོས
དེ་མིན་ན  འབར་ཆུ་དེ་དང    ནགས་ཀླུང་ཡག་པོ 
ད་དུང་རྡོ་ཁང་གྲུ་བཞི་དག་ལ་ཁྱེད་ཀྱིས་འདྲོགས་སྐུལ་ཡང་སྲིད
འབར་ཁམས་ནས་སྐད་ཆ་དག་གསང་གཏམ་བཞིན་དལ་གྱིས་ཤོད་དགོས
དེ་མིན་ན   ལུང་ཁོག་ནས་བྲག་ཆ་འཁོར་ཡང་སྲིད
 
ཉིན་དེར་ང་འབར་ཁམས་ལ་ཐོན་ཡོད
ཉིན་དེར་འབར་ཁམས་ལ་ཐོན་པ་ནི
ངས་རྒྱལ་རོང་ཁོག་ནས་རི་མོ་གྲགས་ཅན་ཞིག་དང་མཇལ་བ་དེ་ཡིན་འདུག
ཉིན་དེར་འབར་ཁམས་ནས་ངས་ལོ་རྒྱུས་ཤིག་བཀླགས་བྱུང
ཉིན་དེར་འབར་ཁམས་ནས་
ངས་སྔོན་ཆད་‘རི་མཐོ་ས་གཙང’ཞེས་པའི་ཚིག་དེ
འབར་ཁམས་ནས་བྲིས་པ་ཨེ་ཡིན་སྙམ་པའི་དོགས་པ་ཞིག་རྙེད་བྱུང
 
འབར་ཁམས་ནས་ང་ཁ་རོག་གེར་རླངས་འཁོར་གྱི་ཕང་བར་ཙོག
འབར་ཁམས་ལ་ཕྱིར་མིག་དང་པར་ཆས་ཀྱིས་གདོང་གཏོད་པ་ལས
འབར་ཁམས་ལ་བདེ་མོ་དེ་འཇོག་མ་ནུས
འབར་ཁམས་ནས་འདྲ་པར་འགའ་དང་སྙན་ངག་ཅིག་ལས
འབར་ཁམས་ནས་ཅི་ཡང་འཁྱེར་འོངས་མ་ནུས
 
རྒྱུ་མཚན་ནི   འབར་ཁམས་ནི་མཛེས་སྡུག་གི་ཞིང་ཁམས་ཤིག་ཡིན་པས
རྒྱུ་མཚན་ནི    འབར་ཁམས་ནི་རྒྱལ་རོང་གི་ཁོག་དེ་ཡིན་པས
རྒྱུ་མཚན་ནི    འབར་ཁམས་ན་བསླད་མེད་ཀྱི་རི་ཀླུང་ཞིག་ཡོད་པས
 
འབར་ཁམས་ལ་ཕྱིར་མིག་ཅིག་བཞག་ཡོད
འབར་ཁམས་ལ་སྙན་ངག་ཅིག་བྲིས་ཡོད
འབར་ཁམས་ལ་སེམས་ཀྱིས་ཐེངས་ཤིག་རོལ་ཡོད
       ༢༠༡༡  ༡༡ ༡༡  ཉལ་ཁང་ནས་ཤར་མར་སྦྱར།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉིན་དེར་ང་འབར་ཁམས་ལ་ཐོན་ཡོད།

2011-11-19 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

རླངས་འཁོར་གྱི་ཕང་བར་བསྡད་དེ
ལམ་ཐག་ཡོད་ཚད་སེམས་ཀྱིས་འཇལ་ཞིང
རི་ཀླུང་ཐམས་ཅད་བློ་ལ་སིམ་བཞིན
ཉིན་དེར་ང་འབར་ཁམས་ལ་ཐོན་ཡོད
 
འབར་ཁམས་ལ་ཐོན་པ་ནི
ངའི་བློ་ཡུལ་གྱི་གྲོང་ཁྱེར་དེར་སླེབས་པ་དང་ཡེ་ནས་མི་འདྲ་ཞིང
དངོས་ནས་གནའ་གྲོང་ཞིག་ལ་ཐོན་པ་དེ་ཡིན་འདུག
འབར་ཁམས་ནས་ངས་‘གཞུང་ཞབས་པ’་ཞེས་པའི་མིང་དེར་འཐམས་མྱོངས
འབར་ཁམས་ནས་ངས་བོད་ཁང་གྲུ་བཞི་ཞིག་ཀྱང་སེམས་ཀྱིས་མཐོང་མྱོངས
 
གྲོགས་པོ་ལགས
འབར་ཁམས་ནས་གོམ་པ་ལྷོད་ཀྱིས་སྤོ་དགོས
དེ་མིན་ན  འབར་ཆུ་དེ་དང    ནགས་ཀླུང་ཡག་པོ 
ད་དུང་རྡོ་ཁང་གྲུ་བཞི་དག་ལ་ཁྱེད་ཀྱིས་འདྲོགས་སྐུལ་ཡང་སྲིད
འབར་ཁམས་ནས་སྐད་ཆ་དག་གསང་གཏམ་བཞིན་དལ་གྱིས་ཤོད་དགོས
དེ་མིན་ན   ལུང་ཁོག་ནས་བྲག་ཆ་འཁོར་ཡང་སྲིད
 
ཉིན་དེར་ང་འབར་ཁམས་ལ་ཐོན་ཡོད
ཉིན་དེར་འབར་ཁམས་ལ་ཐོན་པ་ནི
ངས་རྒྱལ་རོང་ཁོག་ནས་རི་མོ་གྲགས་ཅན་ཞིག་དང་མཇལ་བ་དེ་ཡིན་འདུག
ཉིན་དེར་འབར་ཁམས་ནས་ངས་ལོ་རྒྱུས་ཤིག་བཀླགས་བྱུང
ཉིན་དེར་འབར་ཁམས་ནས་
ངས་སྔོན་ཆད་‘རི་མཐོ་ས་གཙང’ཞེས་པའི་ཚིག་དེ
འབར་ཁམས་ནས་བྲིས་པ་ཨེ་ཡིན་སྙམ་པའི་དོགས་པ་ཞིག་རྙེད་བྱུང
 
འབར་ཁམས་ནས་ང་ཁ་རོག་གེར་རླངས་འཁོར་གྱི་ཕང་བར་ཙོག
འབར་ཁམས་ལ་ཕྱིར་མིག་དང་པར་ཆས་ཀྱིས་གདོང་གཏོད་པ་ལས
འབར་ཁམས་ལ་བདེ་མོ་དེ་འཇོག་མ་ནུས
འབར་ཁམས་ནས་འདྲ་པར་འགའ་དང་སྙན་ངག་ཅིག་ལས
འབར་ཁམས་ནས་ཅི་ཡང་འཁྱེར་འོངས་མ་ནུས
 
རྒྱུ་མཚན་ནི   འབར་ཁམས་ནི་མཛེས་སྡུག་གི་ཞིང་ཁམས་ཤིག་ཡིན་པས
རྒྱུ་མཚན་ནི    འབར་ཁམས་ནི་རྒྱལ་རོང་གི་ཁོག་དེ་ཡིན་པས
རྒྱུ་མཚན་ནི    འབར་ཁམས་ན་བསླད་མེད་ཀྱི་རི་ཀླུང་ཞིག་ཡོད་པས
 
འབར་ཁམས་ལ་ཕྱིར་མིག་ཅིག་བཞག་ཡོད
འབར་ཁམས་ལ་སྙན་ངག་ཅིག་བྲིས་ཡོད
འབར་ཁམས་ལ་སེམས་ཀྱིས་ཐེངས་ཤིག་རོལ་ཡོད
       ༢༠༡༡  ༡༡ ༡༡  ཉལ་ཁང་ནས་ཤར་མར་སྦྱར།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།