བརྩེ་དུང་དང་མི་ཚེ།
བརྩེ་དུང་ཟེར་བའི་ཡིག་འབྲུ་གཉིས་པོ་མ་གཞི་ནས་རོ་སྒམ་ཞིག་ཡིན་པ་འདྲ
ཕོ་གཞོན་མོ་གཞོན་ཚོས་ཤ་འཐམ་རོ་འཐམ་བྱས་ཏེ
རོ་སྒམ་དེ་འདྲུད་ནས་དུར་ཐང་ལ་སླེབས་རྗེས
གཉེན་སྟོན་ཟེར་བའི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཏེ
རོ་སྒམ་དེར་ཟྭ་ཆེན་པོ་ཞིག་བརྒྱབ་ཅིང
རྟགས་མཚན་ལྟ་བུའི་དུར་བྱང་ཞིག་བཟའ་ཟླ་ཞེས་པ་ཞིག་ཡར་བསླངས་རྗེས
ད་གཟོད གཉེན་སྒྲིག་ནི་བརྩེ་དུང་གི་དུར་ས་རེད་ཅེས་བཤད་ཀྱིན་འདུག
མི་ཚེ་ཟེར་བའི་ཡིག་འབྲུ་གཉིས་པོ་མ་གཞི་ནས་ཕམ་ཁ་ཞིག་ཡིན་པ་འདྲ
མྱི་བུ་ཚོས་ཤ་འབད་རུས་འབད་བྱས་ཏེ
ཕུགས་བསམ་ཞེས་པ་ཞིག་ལ་ལག་འཇུ་བྱས་ཤིང
ཕམ་ཁ་དེའི་བྲང་གཞུང་ནས་ཡར་འཕག་མར་འཕག་འགའ་བྱས་རྗེས
གྲུབ་འབྲས་ཟེར་བའི་རང་སེམས་ལ་སྟོན་མོ་ཆུང་ཆུང་ཞིག་བཤམས་ཏེ
ཕམ་ཁ་དེར་བཀྲགས་མདངས་ཡག་པོ་ཤིག་བྱུགས་ཤིང
གྱེས་ཕྱག་དང་ལྟ་བུའི་དུར་བྱང་འཆི་བ་ཟེར་བ་ཞིག་གི་མདུན་དུ་སླེབས་རྗེས
ད་གཟོད འཆི་བ་ནི་མིའི་རིགས་ཐུན་མོང་གི་ཕམ་ཁ་རེད་ཅེས་སྡོམ་ཚིག་བཀོད་ཀྱིན་འདུག
༢༠༡༡ ༡༡ ༧ ཉལ་ཁང་ནས་ཤར་མར་སྦྱར།
རྩོམ་ཁུངས། ངེད་དྲ་བ།