སེམས་ཀྱི་གཡོ་སྟངས་ཤིག
........ "ཡིག་ནོར་གྱི་མི་མཛེས་པ"དང་མི་མཛེས་པའི་ཟ་ཟུར་མང་ཙམ་བཀླགས་རྗེས་སུ།
ཡིག་ནོར་གྱི་མཛེས་པ་དེ་ཉིད་ཀྱིས་ཁྱེར་ཡང་ཆོག་པ
ཚིག་སྦྱོར་གྱི་སྡུག་པོ་དེ་ང་ཡིས་བླངས་ཀྱང་འཐུས་པ
ཡིད་གཟབ་དང་ཤ་ཚ་ཆེ་བ་དེ
ནན་ཏན་དང་རྒྱུན་འཁྱོངས་ལྡན་པ་དེ
དེ་ནི་མི་ཡུལ་གྱི་མཛེས་པ་དང་རིན་ཐང་གཞན་ཞིག་གོ
མིའི་བར་དང་སྐད་ཆའི་ལྡེམ་མྱུར་རེ་རེ་ནི
སེམས་དང་རིགས་ཀྱིས་འཆད་ཅིང་བགྲང་བ་ཞིག་སྟེ
ངས་ཅི་ཡང་མ་བཤད་པ་དེས་ཀྱང་ཅི་ཞིག་སྟོན་ནུས་པ་ཙམ་མོ
སྐད་ཆ་དག་པ་དེ་དང་རང་རྒྱུད་གཙང་མ་དེ་ནི
སུ་ཞིག་གིས་གོ་ནུས་པ་དང་ཉན་སྤྲོ་པས་ན
ཉིད་ཀྱིས་འཆད་བཞིན་པ་དག་༼ཡིག་ནོར་གྱི་མཛེས་པ་ལྟ་བུའི་༽ལ་བདེན་ཁ་མེད་ལ
དགག་སྒྲུབ་དང་དམན་པར་འཛིན་པའང་གཏན་དུ་མེད་དོ
ཡིན་ནའང ཁྱེད་ཀྱིས་རང་ཉིད་ཀྱི་གོ་ཐོབ་དང་གྲགས་པ་ཅི་ལྟར་འཚོལ་བ་དེ
རང་ངོས་སུ་འབྲེལ་བ་མེད་པ་ཞིག་སྟེ
ང་ཡིས་བདེན་ཐུབ་དང་སྨྲ་བརྗོད་ཀྱང་གཞན་གྱིས་འགོག་པར་མི་ནུས་པ་ཅི་བཞིན་ནོ
2011/11/14 01:14
རྩོམ་ཁུངས། ངེད་དྲ་བ།