བྱ་ཁུ་ལོ། ཕྱིར་མིག་ཐེངས་གཅིག


ཉིན་དེ་ནས་བཟུང་ཁྱེད་རང་འཕུར་སོང་
རྒྱང་རིང་རྒྱང་རིང་དུ་བཞུད་སོང་
ངས་ཁྱེད་ལ་སྦྱིན་པའི་རེ་སྒུག་དང་འདོད་པ་ཆེད
ངས་ཁྱེད་ལ་བཅངས་བའི་ཡིད་ཆེས་དང་དུང་སེམས་ཆེད
ངས་རང་ཉིད་ཀྱི་ཁོར་ཡུག་ཏུ་གནས་བའི་གྲོགས་པོ་ཚོར
མི་འདོད་པའི་ཁ་ལན་སློག་ལ
ངས་ཁོ་བོར་ངན་ཁག་དང་གདང་སེམས་ཀྱི་གནས་བབ་འཚོལ
འོན་ཀྱང་ བྱ་ཁུ་ལོ
ངས་ཁོ་ཚོར་ཁྱེད་ཀྱི་སྐད་གདངས་སྙན་རབ་བརྗོད
ངས་ཁོ་ཚོར་ཁྱེད་ཀྱི་བརྩེ་དུང་ཟབ་རབ་བྱེད
ཐ་ན ཁྱེད་ཀྱི་རྒྱ་རྫོང་ནགས་ནས་དུང་བའི་སྙན་དབྱངས་སྒྲོགས་དུས
དྲན་གདུང་གི་གླུ་གཞས་ཕྲ་མོ
སེམས་ཁོང་གི་གཏིང་སར་འཐིམས་དུས
བྱ་ཁུ་ལོ ང་ངོ་མ་ཁྱེད་ལ་དང་སོང་
ངས་རང་ཉིད་ཀྱི་ཡོད་ཚད་ཁྱེད་ལ་གཏད་དེ
རེ་འདུན་དང་ན་ཟུག་ལྕི་མོ
ཡ་ཆུང་ཁོག་ཏུ་སྦས་བའི བྱ་ཁུ་ལོ
ཁྱེད་ཀྱི་ཤེས་ཡོད་དམ
ཁྱེད་ཀྱི་ཡང་བསྐྱར་རྫོགས་ཆིག་གི་རེ་འབོད་བྱེད
སྒྲུབ་སྒྲུབ་པའི་མཐའ་མཇུག
ང་དང་ཁྱེད་ཀྱི་དམིགས་འདུན་མི་གཅིག་ལ
བརྩེ་དུང་དང་བསླུ་བྲིད་མཉམ་དུ་སྦྲེལ་ཏེ
རང་ཉིད་ལ་ཉི་མ་འཁྱོལ་ཐབས་ཀྱི་མགོ་སྐོར་གཏོང་
བྱ་ཁུ་ལོ ་དུས་ཚིགས་ཀྱི་འགྲོས་དང་བསྟུན་ནས
ངས་ཁྱེད་རང་ཕྱིར་གནས་རྙིང་དུ་འཕུར་བ་ཤེས་ཡོད
ཡིན་ཡང་ སྙིང་རྗེ་བྲལ་བའི་རྫུན་ཚིག་འགས་ངའི་སེམས་པར་དངོས་ནས་ན་ཟུག་སྐྱེས
དེ་རིང་ནས་ཟླ་འགའ་འགོར་མོད
ད་དུང་ ཁྱེད་ཀྱི་རང་ཉིད་ཀྱིས་འོས་འགན་སྒྲུབ་ཡང་
ངས་དགུན་ཁའི་འཁྱགས་རླུང་ལ་བརླན་ཤོར
བརྩེ་དུང་དང་འཚོ་བ་ལས་ལྷག་ཟིན་པའི་ལོ་ཟླར་ཕྱིར་ལྟ་བྱེད་མ་མྱོང་
ངས་ད་དུང་ཡང་རེ་ཐག་མ་ཆད་པར་སྒུག་ཡོད

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བྱ་ཁུ་ལོ། ཕྱིར་མིག་ཐེངས་གཅིག

2011-10-24 གཅན་ཡུ་མོ། ཀློག་གྲངས། མཆན ཡོད།


ཉིན་དེ་ནས་བཟུང་ཁྱེད་རང་འཕུར་སོང་
རྒྱང་རིང་རྒྱང་རིང་དུ་བཞུད་སོང་
ངས་ཁྱེད་ལ་སྦྱིན་པའི་རེ་སྒུག་དང་འདོད་པ་ཆེད
ངས་ཁྱེད་ལ་བཅངས་བའི་ཡིད་ཆེས་དང་དུང་སེམས་ཆེད
ངས་རང་ཉིད་ཀྱི་ཁོར་ཡུག་ཏུ་གནས་བའི་གྲོགས་པོ་ཚོར
མི་འདོད་པའི་ཁ་ལན་སློག་ལ
ངས་ཁོ་བོར་ངན་ཁག་དང་གདང་སེམས་ཀྱི་གནས་བབ་འཚོལ
འོན་ཀྱང་ བྱ་ཁུ་ལོ
ངས་ཁོ་ཚོར་ཁྱེད་ཀྱི་སྐད་གདངས་སྙན་རབ་བརྗོད
ངས་ཁོ་ཚོར་ཁྱེད་ཀྱི་བརྩེ་དུང་ཟབ་རབ་བྱེད
ཐ་ན ཁྱེད་ཀྱི་རྒྱ་རྫོང་ནགས་ནས་དུང་བའི་སྙན་དབྱངས་སྒྲོགས་དུས
དྲན་གདུང་གི་གླུ་གཞས་ཕྲ་མོ
སེམས་ཁོང་གི་གཏིང་སར་འཐིམས་དུས
བྱ་ཁུ་ལོ ང་ངོ་མ་ཁྱེད་ལ་དང་སོང་
ངས་རང་ཉིད་ཀྱི་ཡོད་ཚད་ཁྱེད་ལ་གཏད་དེ
རེ་འདུན་དང་ན་ཟུག་ལྕི་མོ
ཡ་ཆུང་ཁོག་ཏུ་སྦས་བའི བྱ་ཁུ་ལོ
ཁྱེད་ཀྱི་ཤེས་ཡོད་དམ
ཁྱེད་ཀྱི་ཡང་བསྐྱར་རྫོགས་ཆིག་གི་རེ་འབོད་བྱེད
སྒྲུབ་སྒྲུབ་པའི་མཐའ་མཇུག
ང་དང་ཁྱེད་ཀྱི་དམིགས་འདུན་མི་གཅིག་ལ
བརྩེ་དུང་དང་བསླུ་བྲིད་མཉམ་དུ་སྦྲེལ་ཏེ
རང་ཉིད་ལ་ཉི་མ་འཁྱོལ་ཐབས་ཀྱི་མགོ་སྐོར་གཏོང་
བྱ་ཁུ་ལོ ་དུས་ཚིགས་ཀྱི་འགྲོས་དང་བསྟུན་ནས
ངས་ཁྱེད་རང་ཕྱིར་གནས་རྙིང་དུ་འཕུར་བ་ཤེས་ཡོད
ཡིན་ཡང་ སྙིང་རྗེ་བྲལ་བའི་རྫུན་ཚིག་འགས་ངའི་སེམས་པར་དངོས་ནས་ན་ཟུག་སྐྱེས
དེ་རིང་ནས་ཟླ་འགའ་འགོར་མོད
ད་དུང་ ཁྱེད་ཀྱི་རང་ཉིད་ཀྱིས་འོས་འགན་སྒྲུབ་ཡང་
ངས་དགུན་ཁའི་འཁྱགས་རླུང་ལ་བརླན་ཤོར
བརྩེ་དུང་དང་འཚོ་བ་ལས་ལྷག་ཟིན་པའི་ལོ་ཟླར་ཕྱིར་ལྟ་བྱེད་མ་མྱོང་
ངས་ད་དུང་ཡང་རེ་ཐག་མ་ཆད་པར་སྒུག་ཡོད

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།