བདག་གི་གཞོན་གྲོགས་ཚོ།

དཔྱིད་ཀའི་རླུང་བུ་ལྟར
དུས་ཚིགས་ཤིག་ཡིད་ཆེས་ཀྱིས་གཏམས
ལོ་རབས་ཤིག་གི་རྡོག་སྣེ་ལ་ཞིབ་ཏུ་མཇལ་དུས
བདག་གིས་གཞི་ནས   སེམས་འཕྲིན་འདི་འབྲི་བར་སྤོབས་ཤིང
མཐོ་དམན་ལ་དབྱེ་སྲོལ་བྲལ་བའི
བསམ་བློའི་ང་རྒྱལ་ལ་མགྲིན་པ་གླན་ནས
འུ་ཅག་གི་རྒྱན་དུ་རུང་བའི
སྐྲ་ལོའི་རིང་ཚད་ལ་འདོམ་པའི་འཇལ་དུས
ཉི་རྡུལ་གསང་གནས་སུ་དོར་ཕོད་ཅིང
རེ་སྨོན་ལག་རྡོ་བཞིན་གཡུག་ནུས་པའི
ཆང་ཕོར་གྱི་ནང་རོལ་དུ་ལྡང་བའི
ཁྱོད་ཀྱི་འུད་ཤོམ་དང་ང་ཡི་སྙིང་གཏམ་རེ་རེ
ལོག་སྤྱོད་པའི་མེ་མདའ་ལྟར
སུ་ཞིག་གི་གདོང་ཐད་དུ་ཡིད་ཆེས་ཀྱིས་རྒོལ་བའི
རྩ་དོན་མེད་པའི་རྩ་དོན་དག་གསར་དུ་བཟོ་དུས
ང་ཚོ་སྙིང་ཉེ་བའི་མཛའ་མོར་འཁྱུད་པ་བཞིན
འུར་གཏམ་དང་ཁ་འཛིང་གི་སྒོ་གླེགས་རྡུང་ནས
ཉེ་འཁོར་ན་རྫིག་རྫིག་བྱེད་པའི
དགྲ་བོ་སུ་ལའང་འཇིགས་སྣང་སྐྱེ་མི་སྲིད
 
རྒྱུ་མཚན་དེ་དག་གིས    ང་ཚོས་ཁྱིམ་གཞི་དང་ཆུང་མ་མི་གླེང་ལ
ལྟོ་བ་འཇོག་སའི་འབོལ་གདན་གྱི་དྲོད་ཁོལ་ལ་སྡང་མིག་བགྲད་ངེས
 
ང་ཚོར་མ་གཞི་ནས་དགོས་ངེས་ཀྱི་ཁྱད་རྟགས་ཤིག་དགོས་པས
རང་རང་གི་ནག་ཉེས་ལ་ཡིད་ཆེས་གནང་གིན
དྲ་ལམ་དང་ཚགས་ཤོག་སྟེང་མཆོངས་ལྡིང་བྱ་བའི
སྒྲོན་ངོགས་ཀྱི་མེ་ལྕེབས་འབའ་ཞིག་ཡིན་ཡང་སྲིད
 
མྱི་སྐད་ཀྱིས་ས་ཆེན་འགལ་ནུས་ལ
ས་ཆེན་གྱིས་མྱི་སྐད་འཇགས་ནུས་པའི
བསྣོལ་བསྡེབས་ཀྱི་འདྲ་རིས་ཤིག་འབྲི་དུས
ཆེ་ཆུང་མེད་པའི་དྲང་ཐིགས་ཤིག་རྒྱག་པ་སྟོང་བསམ་ཡིན་པས
ང་ཚོ་ཡན་གར་རྒྱུ་བའི་རླུང་བུ་སྡོམ་པོ་ཞིག་ཏུ་བརྫུས་ནས
རང་བྱུང་གི་མཛེས་སྡུག་ལ་འཕྱ་སྨོད་དང
ནམ་མཁའི་རྒྱ་ཁྱོན་ལ་མགྲམ་ལྕག་གནང་ཞོར
ལང་ཤོར་གྱི་ལོ་ཟླ་ཞིག་བསྐྱལ་བར་སྟ་གོན་བྱ་དགོས
 
ཡུན་གྱིས་བཞུར་བའི་གཙང་བོའི་རླབས་སྒྲ་ལས
མཐོ་དམའ་ལ་བར་སྟོང་ཤོར་བའི
བདེ་སྙོམས་མིན་པའི་ས་གཞིའི་རང་བཞིན་རྟོགས་སྲིད་པས
ང་ཚོའི་མགྲིན་སྒོའི་འཛེར་སྐད་ཇེ་མཐོར་འགྲོ་བ་ནི
གསང་གནས་སུ་འཛུལ་བའི
གབ་སྦས་ཀྱི་གནད་དོན་རེ་རེ་ལ་ཚང་རྩིས་རྒྱག་པ་ཡིན་པས
གཞོན་རབས་འདི    ཕྱིར་ཡོང་མེད་པའི་གོ་སྐབས་ཤིག་ཡིན་པ་མ་བརྗེད་ཅིག
 རྒྱུ་མཚན་ནི       ང་ཚོའི་ཕུགས་བསམ་ལ་སུས་ཀྱང་བཀག་འགོག་བྱ་མི་རུང
                                               
                                                                    ༢༠༡༡ལོའི་ཟླ༩ཚེས༢༦ཉི་མ་ལུང་ནས།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གི་གཞོན་གྲོགས་ཚོ།

2011-10-24 ཏཱ་ནི་སྨྱུ་གུ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།