ཁྱོད་ཀྱིས་ཅི་ཟེར་ལ་ངས་ནན་གྱིས་ཉན་དགོས།

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-19

ཁྱོད་ཀྱིས་ཅི་ཟེར་ལ་ངས་ནན་གྱིས་ཉན་དགོས
ཡིན་ཡང  ང་རང་ཉིད་བཞིན་འཚོ་དགོས
དེ་མིན་ན  ང་རང་ཉིད་མིན་ཏེ་ཁྱོད་རང་ཡིན་པར་ཕྱིར
 
ཁྱོད་ཀྱིས་ཅི་བྱས་ལ་ངས་གསལ་བོ་བལྟ་དགོས
ཡིན་ཡང  ང་རང་ཉིད་བཞིན་འདུག་དགོས
དེ་མིན་ན  ང་རང་ཉིད་ཀྱང་ཁྱོད་ཀྱི་ལམ་ལ་ཞུགས་དགོས་པས་ཕྱིར
 
ཁྱོད་ཀྱིས་ཅི་བྲིས་ལ་ངས་ཞིབ་མོ་ཀློག་དགོས
ཡིན་ཡང ངས་རང་ཉིད་ལྟར་འབྲི་དགོས
དེ་མིན་ན  ང་རང་ཉིད་ཀྱི་ཁ་དོག་མེད་དེ
ཁྱོད་ཀྱི་དྲི་མས་འཐུལ་བས་ཕྱིར
 
ཁྱོད་ཀྱི་རྩྭ་ཐང་དེར་ངས་སེམས་ཀྱིས་གཟིགས་དགོས
ཡིན་ཡང  ང་རང་ཉིད་ཀྱི་རི་སྡེ་ཕྲ་མོར་དུངས་དགོས
དེ་མིན་ན  ང་ལ་ཅི་ཡང་མེད་དེ
རྩྭ་ཐང་ནི་ཁྱོད་ཀྱི་ཡིན་པས་ཕྱིར
 
ཁྱོད་ཀྱི་ཡོད་ཚད་ལ་ངས་ལེགས་པར་དཔྱད་དགོས
ཡིན་ཡང  ང་རང་ཉིད་ལྟར་ཆས་དགོས
དེ་མིན་ན  ཡོད་ཚད་ཀྱང་ངའི་སྙན་ངག་བཞིན
བདེན་ཅོག་ཅོག་གི་མགོ་བོ་དེ་སུས་ཀྱང་གཡུག་མི་ཐུབ་པས་ཕྱིར
 
འདས་པའི་ཁ་སང་དེར་ཡང་ཡང་གཟིགས་དགོས
ཡིན་ཡང  ཁྱོད་ཀྱི་གོམ་ཁ་དེ་མདུན་ནས་མདུན་དུ་སྤོ་དགོས
དེ་མིན་ན  གྲུབ་འབྲས་ཀྱི་སང་ཉིན་ཞིག
དེ་རིང་གི་ཕ་རོལ་ན་མེད་པས་སོ
                  ༢༠༡༡  ༡༠  ༡༡དཔེ་ཀློག་ཁང་ནས་ཤར་མར་སྦྱར།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁྱོད་ཀྱིས་ཅི་ཟེར་ལ་ངས་ནན་གྱིས་ཉན་དགོས།

2011-10-19 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

ཁྱོད་ཀྱིས་ཅི་ཟེར་ལ་ངས་ནན་གྱིས་ཉན་དགོས
ཡིན་ཡང  ང་རང་ཉིད་བཞིན་འཚོ་དགོས
དེ་མིན་ན  ང་རང་ཉིད་མིན་ཏེ་ཁྱོད་རང་ཡིན་པར་ཕྱིར
 
ཁྱོད་ཀྱིས་ཅི་བྱས་ལ་ངས་གསལ་བོ་བལྟ་དགོས
ཡིན་ཡང  ང་རང་ཉིད་བཞིན་འདུག་དགོས
དེ་མིན་ན  ང་རང་ཉིད་ཀྱང་ཁྱོད་ཀྱི་ལམ་ལ་ཞུགས་དགོས་པས་ཕྱིར
 
ཁྱོད་ཀྱིས་ཅི་བྲིས་ལ་ངས་ཞིབ་མོ་ཀློག་དགོས
ཡིན་ཡང ངས་རང་ཉིད་ལྟར་འབྲི་དགོས
དེ་མིན་ན  ང་རང་ཉིད་ཀྱི་ཁ་དོག་མེད་དེ
ཁྱོད་ཀྱི་དྲི་མས་འཐུལ་བས་ཕྱིར
 
ཁྱོད་ཀྱི་རྩྭ་ཐང་དེར་ངས་སེམས་ཀྱིས་གཟིགས་དགོས
ཡིན་ཡང  ང་རང་ཉིད་ཀྱི་རི་སྡེ་ཕྲ་མོར་དུངས་དགོས
དེ་མིན་ན  ང་ལ་ཅི་ཡང་མེད་དེ
རྩྭ་ཐང་ནི་ཁྱོད་ཀྱི་ཡིན་པས་ཕྱིར
 
ཁྱོད་ཀྱི་ཡོད་ཚད་ལ་ངས་ལེགས་པར་དཔྱད་དགོས
ཡིན་ཡང  ང་རང་ཉིད་ལྟར་ཆས་དགོས
དེ་མིན་ན  ཡོད་ཚད་ཀྱང་ངའི་སྙན་ངག་བཞིན
བདེན་ཅོག་ཅོག་གི་མགོ་བོ་དེ་སུས་ཀྱང་གཡུག་མི་ཐུབ་པས་ཕྱིར
 
འདས་པའི་ཁ་སང་དེར་ཡང་ཡང་གཟིགས་དགོས
ཡིན་ཡང  ཁྱོད་ཀྱི་གོམ་ཁ་དེ་མདུན་ནས་མདུན་དུ་སྤོ་དགོས
དེ་མིན་ན  གྲུབ་འབྲས་ཀྱི་སང་ཉིན་ཞིག
དེ་རིང་གི་ཕ་རོལ་ན་མེད་པས་སོ
                  ༢༠༡༡  ༡༠  ༡༡དཔེ་ཀློག་ཁང་ནས་ཤར་མར་སྦྱར།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།