ཡིད་ཀྱི་ཁ་བ་དཀར་པོ།

དགའ་བཀྲ་ཤིས་རྡོ་རྗེ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-17

རྨི་ལམ་མ་ཡིན་པའི་མངོན་སུམ་གྱི་མིག་ཆུའི་རྒྱུན་ཐག
རྒྱུན་ཐག་གི་དར་སྐུད་ཕྲ་མོ།
པདྨ་འཚོའི་ངོ་གདོང་ནས་ངོ་གདོང་གཞན་ཞིག་ལ་རྒྱུ།
པདྨ་འཚོའི་དཀར་དམར་གྱི་འཇམ་ཤ་བརླན་པར་བཏང༌།
 
ཞོགས་པའི་ཉི་ཟེར་དང་པོ་སྒེའུ་ཁུང་གི་དྲ་མིག་བརྒྱུད་ནས།
མདུན་ཕྱོགས་ཀྱི་དཔེ་ཆའི་ཤོག་ངོས་རེ་རེ་ནས་ལྡོག་ཏུ་འཕྲོ་དུས།
རིགས་བཟང་མའི་མིག་ཟུང་གི་སྦྲེལ་མཚམས་ཀྱི་གཤོག་ཐོག་ནས།
དབྱར་ཟླ་དྲུག་པའི་ཆར་རྗེས་ཀྱི་ཟིལ་བ་ཆགས་འདུག
དེའང༌།   བལྟས་བལྟས་རིག་རིག་ལ་མིག་ཆུའི་མུ་ཏིག་གི་དོ་ཤལ་རེ་རེ།
ཁོ་མོའི་བུ་ཆུང་གི་སྨྲ་སྒོ་སྦྱར་སའི་བྲང་ངོས་ནས་ཐུར་དུ་ལྷུང་སོང༌།
ཁོ་མོའི་རྐང་ལག་གི་ལྷུ་ཚིགས་བརྒྱུད་ནས་ས་ལ་ཟགས་སོང༌།
 
གྱེས་བྲལ་གྱི་ཞོགས་པ་སྔ་མོ་དེར།
ཁོ་མོའི་ཆེས་ཐོག་མའི་མིག་ཆུའི་མུ་ཏིག་གི་དོ་ཤལ།
བདག་གི་ཟས་ཕོར་གྱི་ནང་རོལ་དུ་ལྷུང་སོང༌།
སེམས་ཀྱི་ནང་རོལ་དུ་ལྷུང་སོང༌།
དུས་དེར།    “རིག་གསར”་གྱི་ལས་འགུལ་ཆེན་པོ་དག་ཀྱང༌།
འགྲོ་འདུག་དང་མིག་ཟུང་ལས་ཞར་ཞོར་དུ་ཚོར་བྱུང༌།
 
སེམས་ཁོང་གི་ཐ་སྙད་གསར་བ་དག
མགྲིན་པ་ལས་ཕྱིར་ཐོན་ཏེ་ཁ་སྒོ་འགུལ་ལ་ཉེ་བའི་བར་ནས།
ཉིན་དེའི་ཆེས་གཞུག་མའི་རླངས་འཁོར་གྱི་དུང་བརྡ་གྲགས་བྱུང༌།
རིགས་བཟང་མ་རྐུབ་སྟེགས་ལས་ཡར་ལངས་སྟེ།
མིག་ཆུ་འཕྱི་ཞོར་དུ་ཕྱི་མིག་ཅིག་བལྟས་རྗེས།
ཁོ་མོ་རྒྱང་རིང་གི་གཡུལ་ས་ལྟ་བུའི །
ཁེར་རྐྱང་གི་གྲོང་ཚོ་ཞིག་ཏུ་ཆས་སོང༌།
 
དེའི་རྗེས་སུ།     དེའི་རྗེས་སུ །
བརྗོད་འདོད་པའི་ཐ་སྙད་དག་གསན་ཐབས་མ་བྱུང༌།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཡིད་ཀྱི་ཁ་བ་དཀར་པོ།

2011-10-17 དགའ་བཀྲ་ཤིས་རྡོ་རྗེ། ཀློག་གྲངས། མཆན ཡོད།

རྨི་ལམ་མ་ཡིན་པའི་མངོན་སུམ་གྱི་མིག་ཆུའི་རྒྱུན་ཐག
རྒྱུན་ཐག་གི་དར་སྐུད་ཕྲ་མོ།
པདྨ་འཚོའི་ངོ་གདོང་ནས་ངོ་གདོང་གཞན་ཞིག་ལ་རྒྱུ།
པདྨ་འཚོའི་དཀར་དམར་གྱི་འཇམ་ཤ་བརླན་པར་བཏང༌།
 
ཞོགས་པའི་ཉི་ཟེར་དང་པོ་སྒེའུ་ཁུང་གི་དྲ་མིག་བརྒྱུད་ནས།
མདུན་ཕྱོགས་ཀྱི་དཔེ་ཆའི་ཤོག་ངོས་རེ་རེ་ནས་ལྡོག་ཏུ་འཕྲོ་དུས།
རིགས་བཟང་མའི་མིག་ཟུང་གི་སྦྲེལ་མཚམས་ཀྱི་གཤོག་ཐོག་ནས།
དབྱར་ཟླ་དྲུག་པའི་ཆར་རྗེས་ཀྱི་ཟིལ་བ་ཆགས་འདུག
དེའང༌།   བལྟས་བལྟས་རིག་རིག་ལ་མིག་ཆུའི་མུ་ཏིག་གི་དོ་ཤལ་རེ་རེ།
ཁོ་མོའི་བུ་ཆུང་གི་སྨྲ་སྒོ་སྦྱར་སའི་བྲང་ངོས་ནས་ཐུར་དུ་ལྷུང་སོང༌།
ཁོ་མོའི་རྐང་ལག་གི་ལྷུ་ཚིགས་བརྒྱུད་ནས་ས་ལ་ཟགས་སོང༌།
 
གྱེས་བྲལ་གྱི་ཞོགས་པ་སྔ་མོ་དེར།
ཁོ་མོའི་ཆེས་ཐོག་མའི་མིག་ཆུའི་མུ་ཏིག་གི་དོ་ཤལ།
བདག་གི་ཟས་ཕོར་གྱི་ནང་རོལ་དུ་ལྷུང་སོང༌།
སེམས་ཀྱི་ནང་རོལ་དུ་ལྷུང་སོང༌།
དུས་དེར།    “རིག་གསར”་གྱི་ལས་འགུལ་ཆེན་པོ་དག་ཀྱང༌།
འགྲོ་འདུག་དང་མིག་ཟུང་ལས་ཞར་ཞོར་དུ་ཚོར་བྱུང༌།
 
སེམས་ཁོང་གི་ཐ་སྙད་གསར་བ་དག
མགྲིན་པ་ལས་ཕྱིར་ཐོན་ཏེ་ཁ་སྒོ་འགུལ་ལ་ཉེ་བའི་བར་ནས།
ཉིན་དེའི་ཆེས་གཞུག་མའི་རླངས་འཁོར་གྱི་དུང་བརྡ་གྲགས་བྱུང༌།
རིགས་བཟང་མ་རྐུབ་སྟེགས་ལས་ཡར་ལངས་སྟེ།
མིག་ཆུ་འཕྱི་ཞོར་དུ་ཕྱི་མིག་ཅིག་བལྟས་རྗེས།
ཁོ་མོ་རྒྱང་རིང་གི་གཡུལ་ས་ལྟ་བུའི །
ཁེར་རྐྱང་གི་གྲོང་ཚོ་ཞིག་ཏུ་ཆས་སོང༌།
 
དེའི་རྗེས་སུ།     དེའི་རྗེས་སུ །
བརྗོད་འདོད་པའི་ཐ་སྙད་དག་གསན་ཐབས་མ་བྱུང༌།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།