ལྷ་སའི་སྦི་རག་གི་གཟའ་མཇུག


དེ་རིང་ནི་གཟའ་མཇུག་རེད་ལ།
ལྷ་སའི་སྦི་རག་གི་ལས་རེས་ཀྱང་རེད།

ཉིད་འོད་ཚ་གདུག་གིས་འབབ་པའི་དེ་རིང་གི་གཟའ་ཉི་མར།
ངས་རང་ཉིད་ཉི་དགའ་མེ་ཏོག་ཅིག་ཏུ་སྒོམ་ནས།
སྐྱིད་ཆུའི་འགྲམ་དུ་སྦི་རག་དང་ལྷན་དུ་ཉི་འོད་གླེང་ཞོར།
འབབ་བཞིན་པའི་ཚ་གདུག་གི་ཁ་གྲངས་བགྲང་བར་བརྩམས།
སྦི་རག་གིས་འགེམ་བཞིན་པའི་གྲོགས་པོའི་ཧབ་ཆས།
ཉི་འོད་ལ་ཕྱོགས་པའི་མགོ་བོ་སྨད་དུ་བཅུག་འགྲོ་ཨང་།

གཟའ་མཇུག་ནི་སྦི་རག་གི་ཉིན་མོ་ལགས་ན།
སྦི་རག་ཀྱང་གཟའ་མཇུག་གི་གདམ་བྱ་རེད་ལ།
གཟའ་མཇུག་གི་གླེང་གཞི་ཡང་སྦི་རག་གིས་བཞུར་བའི་ཉི་འོད་ཀྱི་ཁ་གྲངས་ཅི་ལ་མིན།

མཛེས་མ་དང་མྱོས་བུམ་གྱིས་འཚོས་བའི་ཁོ་བོ་ཚོའི་སེམས་པ།
མཆོད་བཞིན་པའི་སྦི་རག་གིས་བརླན་པར་ནུས་ན།
འབབ་བཞིན་པའི་ཚ་གདུག་གིས་བསྲེག་འགྲོའམ།

ད་ལྟ། ངས་ཅི་ཡང་མི་སེམས་ལ།
ཅི་ཡང་སྒྲུབ་འདོད་མེད་པའི་ད་ལྟ།
ངས་སྦི་རག་དམ་བུ་གང་གི་རམ་འདེགས་ལ་འཁེན་ནས།
ཐང་ཆད་པའི་རྐང་པ་ཟུང་ལ་ཁ་ལོ་བསྒྱུར་བཞིན།
གནས་མལ་གསར་པ་དེའི་ཁ་དོག་མིད་ཀྱིན།
རེ་བ་དང་དྲི་ཞིམ་གྱིས་ཁེངས་པའི་སྡོད་ཁང་དེར་ལོག་དགོས་བྱུང་།
               2011/7/10ཉིན་ཚེ་སྨྱོན་གྱིས་སྐྱིད་ཆུའི་འགྲམ་དུ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ་སའི་སྦི་རག་གི་གཟའ་མཇུག

2011-10-17 འབའ་ཚེ་སྨྱོན། ཀློག་གྲངས། མཆན ཡོད།


དེ་རིང་ནི་གཟའ་མཇུག་རེད་ལ།
ལྷ་སའི་སྦི་རག་གི་ལས་རེས་ཀྱང་རེད།

ཉིད་འོད་ཚ་གདུག་གིས་འབབ་པའི་དེ་རིང་གི་གཟའ་ཉི་མར།
ངས་རང་ཉིད་ཉི་དགའ་མེ་ཏོག་ཅིག་ཏུ་སྒོམ་ནས།
སྐྱིད་ཆུའི་འགྲམ་དུ་སྦི་རག་དང་ལྷན་དུ་ཉི་འོད་གླེང་ཞོར།
འབབ་བཞིན་པའི་ཚ་གདུག་གི་ཁ་གྲངས་བགྲང་བར་བརྩམས།
སྦི་རག་གིས་འགེམ་བཞིན་པའི་གྲོགས་པོའི་ཧབ་ཆས།
ཉི་འོད་ལ་ཕྱོགས་པའི་མགོ་བོ་སྨད་དུ་བཅུག་འགྲོ་ཨང་།

གཟའ་མཇུག་ནི་སྦི་རག་གི་ཉིན་མོ་ལགས་ན།
སྦི་རག་ཀྱང་གཟའ་མཇུག་གི་གདམ་བྱ་རེད་ལ།
གཟའ་མཇུག་གི་གླེང་གཞི་ཡང་སྦི་རག་གིས་བཞུར་བའི་ཉི་འོད་ཀྱི་ཁ་གྲངས་ཅི་ལ་མིན།

མཛེས་མ་དང་མྱོས་བུམ་གྱིས་འཚོས་བའི་ཁོ་བོ་ཚོའི་སེམས་པ།
མཆོད་བཞིན་པའི་སྦི་རག་གིས་བརླན་པར་ནུས་ན།
འབབ་བཞིན་པའི་ཚ་གདུག་གིས་བསྲེག་འགྲོའམ།

ད་ལྟ། ངས་ཅི་ཡང་མི་སེམས་ལ།
ཅི་ཡང་སྒྲུབ་འདོད་མེད་པའི་ད་ལྟ།
ངས་སྦི་རག་དམ་བུ་གང་གི་རམ་འདེགས་ལ་འཁེན་ནས།
ཐང་ཆད་པའི་རྐང་པ་ཟུང་ལ་ཁ་ལོ་བསྒྱུར་བཞིན།
གནས་མལ་གསར་པ་དེའི་ཁ་དོག་མིད་ཀྱིན།
རེ་བ་དང་དྲི་ཞིམ་གྱིས་ཁེངས་པའི་སྡོད་ཁང་དེར་ལོག་དགོས་བྱུང་།
               2011/7/10ཉིན་ཚེ་སྨྱོན་གྱིས་སྐྱིད་ཆུའི་འགྲམ་དུ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།