རྒྱལ་སྟོན་དུས་ཆེན་གྱི་སྙན་ངག་ལ་བཏུས་ལུང་བཏུས།

བིས་མདོ་བ་ཆོས་སྐྱོང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-10-14

བཅུ་བའི་རྒྱལ་སྟོན་དུས་ཆེན་ཉི་མ་འགངས་ཆེན་རེད།།
ཉིན་མོ་འགངས་ཆེན་ཅན་ལ་གནང་བ་མང་བོ་རེད།།
གནང་བ་མང་ཡང་མང་ན་ཡིད་སེམས་སུན་པོ་རེད།།
ཡིད་སེམས་སུན་པོ་བྱུང་ན་འགྲོ་ས་མེད་ནོ་རེད།།
 
དང་བོ་སྡོད་ཤག་ནང་ནས་དཔེ་ཆ་བལྟ་བསམ་མོད།།
རྒྱལ་སྟོན་དུས་ཆེན་ཉིན་མོ་གཅིག་ཙམ་མ་ཡིན་པས།།
ཡིད་སེམས་སུན་པོ་བྱུང་སྟེ་དྲ་ཁང་ནང་ལ་རྒྱུག།
ཅི་འགོར་མ་ཚོར་མཚན་མོ་ཞིག་གི་མུན་ནག་བསྐྱལ།།
 
གཉིས་པ་མུན་ནག་ཅིག་ནི་འདི་ལྟར་བསྐྱལ་ཟིན་ཡང་།།
ཉིན་མོ་ཞིག་གི་གཉིད་ཀྱིས་བསུ་འབོད་གཏོང་འོངས་བས།།
ལུས་པོ་འདོམས་པ་གང་བོ་གདན་ལ་འབྱར་བ་ཡིས།།
ཉིན་མོ་གཉིས་པ་དེ་ལྟར་གཉིད་ནས་ང་དང་བྲལ།།
 
གསུམ་པ་དེ་རིང་འཆར་གཞི་གཏན་འབེབ་མེད་པས་ན།།
ལ་ལུང་ཉུལ་བའི་འཁྱམ་པོ་བཞིན་དུ་སྡོད་པ་ཡིས།།
རྒྱལ་སྟོན་དུས་ཆེན་གནང་བ་ཉིན་མོ་གསུམ་པ་དེ།།
གང་ནས་ཚར་བ་གསལ་བོ་གསལ་བོ་བཤད་རྒྱུ་དབེན།།
 
བཞི་བ་ནངས་མོ་སྔ་མོ་མལ་ན་ཡོད་དུས་སུ།།
རང་གི་མིང་ནས་འབོད་པའི་སྐད་ཅིག་ཕྱི་ནས་གྲགས།།
དེ་ཡང་གཞན་ཞིག་མ་རེད་རྒྱ་རིགས་གྲོགས་པོ་དེས།།
དཔེ་ཁང་ནང་དུ་འགྲོ་ཞེས་ང་རང་འབོད་པ་རེད།།
 
ལྔ་བ་དང་བོའི་འཆར་གཞི་དཔེ་ཁང་ཡིན་མོད་ཀྱང་།།
གློ་བུར་དོན་ལ་འགྱུར་བ་ཙམ་ཞིག་བྱུང་སྟེ་ནི།།
དྲ་གྲོགས་བུ་མོས་ཕིས་ཤན་{郫县}ཤོག་ཅེས་ཁ་པར་ཡིས།།
རླངས་འཁོར་འབབ་ཚུགས་ཕྱིན་ཏེ་ཉིན་མོ་གཉིས་ཀྱང་འདས།།
 
རྒྱལ་སྟོན་དུས་ཆེན་གནང་བ་ཉིན་མོ་བདུན་ཙམ་ཡང་།།
དྲུག་ནི་དེ་ལྟར་དེ་བཞིན་འདས་ཤིང་ཚར་བས་ན།།
ཕྱིར་ལྡོག་ཙམ་དང་བསམ་གཞིགས་ཙམ་ཞིག་བྱས་པ་ཡིས།།
སྙན་ངག་ལ་བཏུས་ལུང་བཏུས་ལན་ནས་ཤོག་ངོས་བཀོད།།
 
ས་མཐའི་གྲོང་གི་རྒྱལ་སྟོན་དུས་ཆེན་གནང་བ་དེར།།
ཉིན་མོ་རིང་ན་ཡིད་སེམས་སུན་པོ་དཀའ་མོ་རེད།།
སུན་པོ་སྙམ་ན་ཉིན་མོ་དེ་ཡང་ཇེ་རིང་འདྲ།།
ཇེ་རིང་སྙམ་པས་སློབ་ཁྲིད་དེ་ཡང་སྐྱིད་གི་འདོད།།
            ༢༠༡༡ ༡༠ ༧ དྲ་ཁང་ཞིག་ནས་ཤར་མར་སྦྱར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྒྱལ་སྟོན་དུས་ཆེན་གྱི་སྙན་ངག་ལ་བཏུས་ལུང་བཏུས།

2011-10-14 བིས་མདོ་བ་ཆོས་སྐྱོང་། ཀློག་གྲངས། མཆན ཡོད།

བཅུ་བའི་རྒྱལ་སྟོན་དུས་ཆེན་ཉི་མ་འགངས་ཆེན་རེད།།
ཉིན་མོ་འགངས་ཆེན་ཅན་ལ་གནང་བ་མང་བོ་རེད།།
གནང་བ་མང་ཡང་མང་ན་ཡིད་སེམས་སུན་པོ་རེད།།
ཡིད་སེམས་སུན་པོ་བྱུང་ན་འགྲོ་ས་མེད་ནོ་རེད།།
 
དང་བོ་སྡོད་ཤག་ནང་ནས་དཔེ་ཆ་བལྟ་བསམ་མོད།།
རྒྱལ་སྟོན་དུས་ཆེན་ཉིན་མོ་གཅིག་ཙམ་མ་ཡིན་པས།།
ཡིད་སེམས་སུན་པོ་བྱུང་སྟེ་དྲ་ཁང་ནང་ལ་རྒྱུག།
ཅི་འགོར་མ་ཚོར་མཚན་མོ་ཞིག་གི་མུན་ནག་བསྐྱལ།།
 
གཉིས་པ་མུན་ནག་ཅིག་ནི་འདི་ལྟར་བསྐྱལ་ཟིན་ཡང་།།
ཉིན་མོ་ཞིག་གི་གཉིད་ཀྱིས་བསུ་འབོད་གཏོང་འོངས་བས།།
ལུས་པོ་འདོམས་པ་གང་བོ་གདན་ལ་འབྱར་བ་ཡིས།།
ཉིན་མོ་གཉིས་པ་དེ་ལྟར་གཉིད་ནས་ང་དང་བྲལ།།
 
གསུམ་པ་དེ་རིང་འཆར་གཞི་གཏན་འབེབ་མེད་པས་ན།།
ལ་ལུང་ཉུལ་བའི་འཁྱམ་པོ་བཞིན་དུ་སྡོད་པ་ཡིས།།
རྒྱལ་སྟོན་དུས་ཆེན་གནང་བ་ཉིན་མོ་གསུམ་པ་དེ།།
གང་ནས་ཚར་བ་གསལ་བོ་གསལ་བོ་བཤད་རྒྱུ་དབེན།།
 
བཞི་བ་ནངས་མོ་སྔ་མོ་མལ་ན་ཡོད་དུས་སུ།།
རང་གི་མིང་ནས་འབོད་པའི་སྐད་ཅིག་ཕྱི་ནས་གྲགས།།
དེ་ཡང་གཞན་ཞིག་མ་རེད་རྒྱ་རིགས་གྲོགས་པོ་དེས།།
དཔེ་ཁང་ནང་དུ་འགྲོ་ཞེས་ང་རང་འབོད་པ་རེད།།
 
ལྔ་བ་དང་བོའི་འཆར་གཞི་དཔེ་ཁང་ཡིན་མོད་ཀྱང་།།
གློ་བུར་དོན་ལ་འགྱུར་བ་ཙམ་ཞིག་བྱུང་སྟེ་ནི།།
དྲ་གྲོགས་བུ་མོས་ཕིས་ཤན་{郫县}ཤོག་ཅེས་ཁ་པར་ཡིས།།
རླངས་འཁོར་འབབ་ཚུགས་ཕྱིན་ཏེ་ཉིན་མོ་གཉིས་ཀྱང་འདས།།
 
རྒྱལ་སྟོན་དུས་ཆེན་གནང་བ་ཉིན་མོ་བདུན་ཙམ་ཡང་།།
དྲུག་ནི་དེ་ལྟར་དེ་བཞིན་འདས་ཤིང་ཚར་བས་ན།།
ཕྱིར་ལྡོག་ཙམ་དང་བསམ་གཞིགས་ཙམ་ཞིག་བྱས་པ་ཡིས།།
སྙན་ངག་ལ་བཏུས་ལུང་བཏུས་ལན་ནས་ཤོག་ངོས་བཀོད།།
 
ས་མཐའི་གྲོང་གི་རྒྱལ་སྟོན་དུས་ཆེན་གནང་བ་དེར།།
ཉིན་མོ་རིང་ན་ཡིད་སེམས་སུན་པོ་དཀའ་མོ་རེད།།
སུན་པོ་སྙམ་ན་ཉིན་མོ་དེ་ཡང་ཇེ་རིང་འདྲ།།
ཇེ་རིང་སྙམ་པས་སློབ་ཁྲིད་དེ་ཡང་སྐྱིད་གི་འདོད།།
            ༢༠༡༡ ༡༠ ༧ དྲ་ཁང་ཞིག་ནས་ཤར་མར་སྦྱར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།