འཆར་སྟངས་ཤིག
འཚོ་བ་ལ་སྐྱིད་དྲི་བྲོ་ཞིང
སྤུན་ཟླ་དང་མཉམ་འཛོམས་བྱུང་ནས
སྣང་བ་དེ་སྤྲོ་བར་འཐིམས་ཤིང
དགའ་དུང་ལ་རོལ་མྱོང་བྱེད་དུས
ཏག་ཏག དག་ཞིང་ནི
རང་ཉིད་ཀྱི་མི་ཚེ་ལས་མ་འདས་སྙམ
འཚོ་བ་ལ་སྐྱུར་དྲི་བྲོ་ཞིང
མཛའ་བརྩེ་ལ་གས་ཆག་ཤོར་ནས
མཐུན་སྒྲིལ་གྱི་ཨ་ལོང་ཆག་ཤིང
སྡུག་སྨེ་ཡིས་འཁང་ར་བྱེད་དུས
ཏག་ཏག སྡུག་བསྔལ་གྱིས
རང་ཉིད་ཀྱི་མི་ཚེ་བཙོན་མ་བཞིན་བཙོན་ཁང་དུ
བཅུག་ཡོད་པར་སྙམ་ནས
བྲེལ་བྲེལ་དང་ཚབ་ཚུབ་ མྱུར་མྱུར་སྒོས
དག་ཞིང་ཟེར་བ་དེ་འཚོལ་འདོད་སྐྱེས
སྐད་ཅིག་ལ་བདེ་ཞིང་སྐྱིད་ལ
སྐད་ཅིག་ལ་སྡུག་བསྔལ་མྱོང་དུས
མི་ཚེ་ནི་མི་རྟག་པ་མཚན་མཚོན་གཉིས་ཀྱི
དོན་ལས་མ་འདས་པ་གཞི་ནས་རྟོགས་བྱུང
ཡིན་ཡང་ མི་རྟག་པ་ནི་ད་དུང་མང་པོ་ཞིག་གི
ཞིབ་འཇུག་ལས་འཇུག་འབྲས་གྲུབ་མ་མྱོང་པའི
ཐ་སྙད་ཅིག་ཏུ་གྲུབ་འདུག
༢༠༡༡.༠༨.༢༨་ཉིན་གྱི་སྔ་མོར།
རྩོམ་ཁུངས། ངེད་དྲ་བ།