ཕར་ཚུར་གྱི་དབྱེ་མཚམས་ན།


ཕར་བལྟས་ན་སྦི་རག་གི་ཁང་ཆུང་རེད།
ཚུར་བལྟས་ན་དུག་དུད་ཀྱི་དུ་ཁུང་རེད།
ཕར་ཚུར་གྱི་དབྱེ་མཚམས་ན།
བསམས་གཞིགས་སྟོང་ཕྲག་ལ་གཟིར་བ་ང་རང་རེད།
ཕར་བལྟས་ན་རྐུབ་ཀྱི་ལྟོ་འཚོལ་རེད།
ཚུར་བལྟས་ན་ཟུར་འཚལ་གྱི་ཕོ་མོ་ཟུང་།
ཕར་ཚུར་གྱི་དབྱེ་མཚམས་ན་།
གཟིམ་ཆུང་གི་བཙུན་མོ་གཅིག་པུར་དུང་བ་ང་རང་ཡིན་པ་འདྲ་།
ཕར་བལྟས་ན་ངམ་ནག་གི་ཕྱུགཆེན་རེད།
ཚུར་བལྟས་ན་གཞུག་ཧྲིལ་གྱི་དཔོན་ཆུང་རེད།
ཕར་ཚུར་གྱི་དབྱེ་མཚམས་ན་།
རང་གཤིས་ལྷོད་ཀྱིས་འཇོག་མཁན་དེ་ང་རང་ཡིན་པ་འདྲ་།
ཕར་བལྟས་ན་ནེ་ཙོ་སྨྲ་མཁན་ཚོགས་ཀྱི་མ་ནི་རེད་།
ཚུར་བལྟས་ན་རྒྱ་མཚོ་ཧུབ་ཀྱིས་བཏུང་པའི་འུད་ཤོབ་རེད་།
ཕར་ཚུར་གྱི་དབྱེ་མཚམས་ན།
གང་སྨྲས་རྒྱུད་ལ་འབྱོར་བ་དེ་ང་རང་ཡིན་པ་རེད་།
ཕར་ཚུར་གྱི་དབྱེ་མཚམས་ལས་ང་རང་རྙེད་བྱུང་ལ།
ཕར་ཚུར་གྱི་དབྱེ་མཚམས་ན་
ང་རང་ཁེར་རྐྱང་ཡིན་པའང་རྟོགས་།
ཨ་མའི་དྲོད་འཇམ་གྱི་མངལ་ལས་ཐོན་དུས་ནས་ང་རང་ཁེར་རྐྱང་ཡིན་ལ།
ཐ་མ་ལུས་ཕུང་ས་རྡོ་དང་མཉམ་འདྲེས་སུ་འགྲོ་དུས་ཀྱང་ཁེར་རྐྱང་རེད།
ང་ཁེར་རྐྱང་ལ་མི་སྐྲག།  ང་ཁེར་རྐྱང་ལ་མི་བཞེད་།
ཡིན་ན་ཡང་ཁེར་རྐྱང་ལ་སྟག་གཟིག་དོམ་དྲེད་དེ་ཚོ་རྒོད་པས།
མཚམས་རེ་ངས་ཁེར་རྐྱང་དེ་ནས་ཕར་ཚུར་དུ་གཡོལ་སྲིད་།
གང་ཡིན་ཟེར་ན་། ང་ཡང་ཁོང་ཚོ་དང་འདྲ་བར་བདག་འཛིན་གྱི་གོང་བུ་དེ་མངའ་བས་ཡིན་།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཕར་ཚུར་གྱི་དབྱེ་མཚམས་ན།

2012-01-03 ཤོ་ཤར་ཚེ་རྒྱལ། ཀློག་གྲངས། མཆན ཡོད།


ཕར་བལྟས་ན་སྦི་རག་གི་ཁང་ཆུང་རེད།
ཚུར་བལྟས་ན་དུག་དུད་ཀྱི་དུ་ཁུང་རེད།
ཕར་ཚུར་གྱི་དབྱེ་མཚམས་ན།
བསམས་གཞིགས་སྟོང་ཕྲག་ལ་གཟིར་བ་ང་རང་རེད།
ཕར་བལྟས་ན་རྐུབ་ཀྱི་ལྟོ་འཚོལ་རེད།
ཚུར་བལྟས་ན་ཟུར་འཚལ་གྱི་ཕོ་མོ་ཟུང་།
ཕར་ཚུར་གྱི་དབྱེ་མཚམས་ན་།
གཟིམ་ཆུང་གི་བཙུན་མོ་གཅིག་པུར་དུང་བ་ང་རང་ཡིན་པ་འདྲ་།
ཕར་བལྟས་ན་ངམ་ནག་གི་ཕྱུགཆེན་རེད།
ཚུར་བལྟས་ན་གཞུག་ཧྲིལ་གྱི་དཔོན་ཆུང་རེད།
ཕར་ཚུར་གྱི་དབྱེ་མཚམས་ན་།
རང་གཤིས་ལྷོད་ཀྱིས་འཇོག་མཁན་དེ་ང་རང་ཡིན་པ་འདྲ་།
ཕར་བལྟས་ན་ནེ་ཙོ་སྨྲ་མཁན་ཚོགས་ཀྱི་མ་ནི་རེད་།
ཚུར་བལྟས་ན་རྒྱ་མཚོ་ཧུབ་ཀྱིས་བཏུང་པའི་འུད་ཤོབ་རེད་།
ཕར་ཚུར་གྱི་དབྱེ་མཚམས་ན།
གང་སྨྲས་རྒྱུད་ལ་འབྱོར་བ་དེ་ང་རང་ཡིན་པ་རེད་།
ཕར་ཚུར་གྱི་དབྱེ་མཚམས་ལས་ང་རང་རྙེད་བྱུང་ལ།
ཕར་ཚུར་གྱི་དབྱེ་མཚམས་ན་
ང་རང་ཁེར་རྐྱང་ཡིན་པའང་རྟོགས་།
ཨ་མའི་དྲོད་འཇམ་གྱི་མངལ་ལས་ཐོན་དུས་ནས་ང་རང་ཁེར་རྐྱང་ཡིན་ལ།
ཐ་མ་ལུས་ཕུང་ས་རྡོ་དང་མཉམ་འདྲེས་སུ་འགྲོ་དུས་ཀྱང་ཁེར་རྐྱང་རེད།
ང་ཁེར་རྐྱང་ལ་མི་སྐྲག།  ང་ཁེར་རྐྱང་ལ་མི་བཞེད་།
ཡིན་ན་ཡང་ཁེར་རྐྱང་ལ་སྟག་གཟིག་དོམ་དྲེད་དེ་ཚོ་རྒོད་པས།
མཚམས་རེ་ངས་ཁེར་རྐྱང་དེ་ནས་ཕར་ཚུར་དུ་གཡོལ་སྲིད་།
གང་ཡིན་ཟེར་ན་། ང་ཡང་ཁོང་ཚོ་དང་འདྲ་བར་བདག་འཛིན་གྱི་གོང་བུ་དེ་མངའ་བས་ཡིན་།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།