འབར་བའི་མེ།

འབར་བའི་མེ་དེ།
ངའི་ལུས་ཕུང་་ཡིན་ན་ཆོག་ལ་མིན་ཡང་ཆོག
སྐྱེས་པའི་ན་ཟུག་དེ།
ངའི་སེམས་སུ་ཡོད་ན་ཆོག་ལ་མེད་ཀྱང་ཆོག

ཆུ་རྡུལ་ཕྲ་མོ་རེ་རེས། བདེན་པའི་རི་མོ་བྲིས།
ས་རྡུལ་ཕྲ་རབ་སོ་སོས། དྲང་མོའི་གླུ་དབྱངས་ལེན།

བསྟེན་པའི་ལྷ་དེ།
བདག་ལ་འཁོར་ན་བཟང་ལ། མ་འཁོར་ཡང་བཟང་།
བོས་པའི་མི་དེས།
ཁོ་བོ་གོ་ན་ཆོག་ལ། མ་གོ་ན་ཡང་ཚོག

སྐད་ཅིག་མ་རེ་རེས། དྲང་བདེན་དཔང་དུ་བཙུགས།
བར་གྱི་སྟོང་ཆ་ཕྲ་མོས། དཀར་ནག་རྒྱུ་འབྲས་བཟོས།  

རྫས་རྡུལ་གྱིས་ཁེངས་པའི་མཁའ་དབུགས།
བདག་གིས་རྔུབ་ལ་ཁྱོས་ཀྱང་རྔུབ།
རྫས་འགྱུར་གྱིས་བཟོས་པའི་རྣམ་ཤེས།
ང་ཚོར་་ཡོད་ལ་ཁོང་ཚོ་ལ་ཡང་ཡོད།

ངའི་ཁ་ཆེམས་མིན་ན་ཆོག་ལ་ཡིན་ཡང་ཆོག།
ཁྱེད་ཀྱི་ངུ་སྐད་ཡིན་ན་འགྲིག་ལ་མིན་ཡང་འགྲིག།
ངའི་སྙན་ངག་མིན་ལ། ངའི་འབོད་སྒྲའང་མིན།
ཆིག་ལབ་ཁ་བརྡ་ཡིན་མིན་ཅི།

བཟུང་ན་འཛིན་ཐབས་མེད་པའི་སེམས།
སྡུག་དུས་ཡོད་ལ་སྐྱིད་དུས་ཀྱང་ཡོད།

བཀག་ན་འགོག་རྒྱུ་མེད་པའི་རེ་བ།
ང་ཡི་ཡིན་ན་ཆོག་ལ་ཁྱེད་ཀྱི་ཡིན་ཡང་ཆོག

དུས་ཚོད་འཁོར་ན་འཁོར། མ་འཁོར་ན་ཡང་མ་འཁོར།
ནམ་མཁའ་ཡོད་ན་འགྲིག་ལ་མེད་ཀྱང་འགྲིག
དྲང་དོན་་མེད་ཐབས་མེད། བདེན་དོན་ཡལ་ཐབས་མེད།

ས་ཡོམ་ཆེན་པོ་དེ།
ཕ་ཡུལ་དང་མི་ཡུལ་གཉིས་ཀར་བྱུང་།
ཆུ་ལོགས་དྲག་པོ་དེས།
འཇིག་རྟེན་འཁུར་ལ་ཉེ།

འབར་བའི་མེ་དེ།
ངའི་སེམས་སུ་འབར་ན་ཆོག་ལ་མ་འབར་ན་ཡང་ཆོག
སྐྱེས་པའི་ན་ཟུག་དེ།
ངའི་ལུས་སྟེང་ཡིན་ན་འགྲིག་ལ་མིན་ཡང་འགྲིག

སྐྱེས་པ་ཚོ་ཤི་སོང་།
ཤི་བ་ཚོ་ཡང་བསྐྱར་སྐྱེས་སོང་།
གསོན་པ་ཚོ།་ང་། ཁྱེད་ཅག ཁོང་ཚོ།
བྱིས་པ་ཆུང་ཆུང་ཚོའི་རྨི་ལམ་ལ་ལྗང་མདོག་འཚེར།

རྙོག་པའི་ཆུ་དེ།
ང་ཚོས་འཐུང་ན་ཆོག་ལ་མ་འཐུང་ཡང་ཆོག
རྨས་པའི་སེམས་དེ།
ང་ཡི་ཡིན་ན་ཆོག་ལ། ཁྱེད་ཀྱི་ཡིན་ཡང་ཆོག

འཇིག་རྟེན་འདི་འཁོར་ན་ཆོག་ལ། མ་འཁོར་ཡང་ཆོག
འབར་བའི་མེ་དེ་མེ་ཡིན།
རྨས་པའི་སེམས་དེ་སེམས་ཡིན།
བླངས་པའི་གླུ་དེ་གླུ་ཡིན།

བཞད་སྲིད་པའི་མེ་ཏོག བཞད་པ་ནི་མེ་ཏོག་ཡིན།
འཆར་སྲིད་པའི་ཉི་འོད། འཆར་བ་ནི་ཉི་འོད་ལགས།
 
                                རོ་མ་ནས་བྲིས། Rome. Italy 2011. 12.28

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འབར་བའི་མེ།

2012-01-01 ཉི་ཟླ་ཧེ་རུ་ཀ ཀློག་གྲངས། མཆན ཡོད།

འབར་བའི་མེ་དེ།
ངའི་ལུས་ཕུང་་ཡིན་ན་ཆོག་ལ་མིན་ཡང་ཆོག
སྐྱེས་པའི་ན་ཟུག་དེ།
ངའི་སེམས་སུ་ཡོད་ན་ཆོག་ལ་མེད་ཀྱང་ཆོག

ཆུ་རྡུལ་ཕྲ་མོ་རེ་རེས། བདེན་པའི་རི་མོ་བྲིས།
ས་རྡུལ་ཕྲ་རབ་སོ་སོས། དྲང་མོའི་གླུ་དབྱངས་ལེན།

བསྟེན་པའི་ལྷ་དེ།
བདག་ལ་འཁོར་ན་བཟང་ལ། མ་འཁོར་ཡང་བཟང་།
བོས་པའི་མི་དེས།
ཁོ་བོ་གོ་ན་ཆོག་ལ། མ་གོ་ན་ཡང་ཚོག

སྐད་ཅིག་མ་རེ་རེས། དྲང་བདེན་དཔང་དུ་བཙུགས།
བར་གྱི་སྟོང་ཆ་ཕྲ་མོས། དཀར་ནག་རྒྱུ་འབྲས་བཟོས།  

རྫས་རྡུལ་གྱིས་ཁེངས་པའི་མཁའ་དབུགས།
བདག་གིས་རྔུབ་ལ་ཁྱོས་ཀྱང་རྔུབ།
རྫས་འགྱུར་གྱིས་བཟོས་པའི་རྣམ་ཤེས།
ང་ཚོར་་ཡོད་ལ་ཁོང་ཚོ་ལ་ཡང་ཡོད།

ངའི་ཁ་ཆེམས་མིན་ན་ཆོག་ལ་ཡིན་ཡང་ཆོག།
ཁྱེད་ཀྱི་ངུ་སྐད་ཡིན་ན་འགྲིག་ལ་མིན་ཡང་འགྲིག།
ངའི་སྙན་ངག་མིན་ལ། ངའི་འབོད་སྒྲའང་མིན།
ཆིག་ལབ་ཁ་བརྡ་ཡིན་མིན་ཅི།

བཟུང་ན་འཛིན་ཐབས་མེད་པའི་སེམས།
སྡུག་དུས་ཡོད་ལ་སྐྱིད་དུས་ཀྱང་ཡོད།

བཀག་ན་འགོག་རྒྱུ་མེད་པའི་རེ་བ།
ང་ཡི་ཡིན་ན་ཆོག་ལ་ཁྱེད་ཀྱི་ཡིན་ཡང་ཆོག

དུས་ཚོད་འཁོར་ན་འཁོར། མ་འཁོར་ན་ཡང་མ་འཁོར།
ནམ་མཁའ་ཡོད་ན་འགྲིག་ལ་མེད་ཀྱང་འགྲིག
དྲང་དོན་་མེད་ཐབས་མེད། བདེན་དོན་ཡལ་ཐབས་མེད།

ས་ཡོམ་ཆེན་པོ་དེ།
ཕ་ཡུལ་དང་མི་ཡུལ་གཉིས་ཀར་བྱུང་།
ཆུ་ལོགས་དྲག་པོ་དེས།
འཇིག་རྟེན་འཁུར་ལ་ཉེ།

འབར་བའི་མེ་དེ།
ངའི་སེམས་སུ་འབར་ན་ཆོག་ལ་མ་འབར་ན་ཡང་ཆོག
སྐྱེས་པའི་ན་ཟུག་དེ།
ངའི་ལུས་སྟེང་ཡིན་ན་འགྲིག་ལ་མིན་ཡང་འགྲིག

སྐྱེས་པ་ཚོ་ཤི་སོང་།
ཤི་བ་ཚོ་ཡང་བསྐྱར་སྐྱེས་སོང་།
གསོན་པ་ཚོ།་ང་། ཁྱེད་ཅག ཁོང་ཚོ།
བྱིས་པ་ཆུང་ཆུང་ཚོའི་རྨི་ལམ་ལ་ལྗང་མདོག་འཚེར།

རྙོག་པའི་ཆུ་དེ།
ང་ཚོས་འཐུང་ན་ཆོག་ལ་མ་འཐུང་ཡང་ཆོག
རྨས་པའི་སེམས་དེ།
ང་ཡི་ཡིན་ན་ཆོག་ལ། ཁྱེད་ཀྱི་ཡིན་ཡང་ཆོག

འཇིག་རྟེན་འདི་འཁོར་ན་ཆོག་ལ། མ་འཁོར་ཡང་ཆོག
འབར་བའི་མེ་དེ་མེ་ཡིན།
རྨས་པའི་སེམས་དེ་སེམས་ཡིན།
བླངས་པའི་གླུ་དེ་གླུ་ཡིན།

བཞད་སྲིད་པའི་མེ་ཏོག བཞད་པ་ནི་མེ་ཏོག་ཡིན།
འཆར་སྲིད་པའི་ཉི་འོད། འཆར་བ་ནི་ཉི་འོད་ལགས།
 
                                རོ་མ་ནས་བྲིས། Rome. Italy 2011. 12.28

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།