ཀ་ཁའི་རྒྱང་འབོད།
རྫ་ཆུ་སིལ་མའི་དྭངས་གཙང་དང་།
གངས་དཀར་འདབ་མའི་ལྷག་བསམ་བཅངས་ནས།
ཀ་ཁར་རྒྱང་འབོད་ཞུ།
སྲིད་གཞུང་གི་ཡིག་ཆའི་བར་ནས་བོར་ཞིང་།
ཁྲོམ་སྲང་གི་སྒོ་བྱང་སྟེང་ནས་ཡལ་བའི་ཀ་ཁ།
ད་ལྟ་སུ་ཞིག་གི་དྲན་ཤིང་ན་ཡོད་དམ།
རྩྭ་ཐང་ན་འཇམ་ནེམ་ནེམ་དུ་བཞད་མྱོང་བའི་ཀ་ཁ།
རྣང་ཞིང་གི་ཐོང་ག་ན་ལྗིད་ཏིག་ཏིག་ཏུ་སྨིན་མྱོང་བའི་ཀ་ཁ།
ད་ལྟ་སུ་ཞིག་གིས་ཡིག་ནོར་དུ་བཅོས་ཏེ་སྙིགས་སྣོད་དུ་སྐྱུར་ཟིན་ནམ།
༢༠༡༡ / ༡༡ / ༦ཉིན་བྲིས།
རྩོམ་ཁུངས། ངེད་དྲ་བ།