སྣང་གསལ་རྡོ་རྗེ། ཨ་ཞང་གི་གཅེས་ལོ།

         གླེང་སློང་བ།
ངུ་ངག་དེ་གླུ་སྐད་ལས་ཀྱང་སྙན་གི
མིག་ཆུ་དེ་མུ་ཏིག་ལས་ཀྱང་གཙང་གི
ཨ་ཞང་གི་གཅེས་ལོ། སྣང་གསལ་རྡོ་རྗེ།
         ༡
མེ་ཏོག་ལྟར་གད་ཡོང་ཐལ། རླུང་བུ་བཞིན་ལྡང་ཡོང་ཐལ།
རྒྱང་རིང་གི་གནས་དེ་ནས། སུ་ཞིག་གིས་མངགས་པའི་ཕོ་ཉ་ཡིན།
དྭངས་གཙང་གིས་ཡོང་ནས། རྔམ་བརྗིད་ཀྱིས་གསོན་དགོས།
         ༢
བུ་ལོ་བསང་དུད་ལང་ལོང་གི་རྨུ་ཐག་ལ་འཇུས་ནས།
ངུ་ངག་གི་དབྱངས་རྟ་སྙན་མོ་དང་བཅས་མར་བབས་ཡོང་དུས།
སྣང་གསལ་རྡོ་རྗེ་ནི་ཨ་ཞང་གིས་གཅེས་ལོར་ཕུལ་བའི་སྨོན་ཚིག་དང་པོ་ཡིན།
སྨོན་ཚིག་འདི་མངོན་པར་ཤོག  སྨོན་ཚིག་འདི་རྒྱས་པར་ཤོག
          ༣
སྐར་ཆེན་ལྟ་བུའི་མིག་ཟུང་།  ཉི་འོད་ལ་ཕྱོགས་ནས་རྒྱང་རིང་ལ་ལྟོས་ཤིག
མཐའ་མེད་པའི་ཐང་ཆེན་ནས།  གཏིང་མེད་པའི་མཚོ་ཁུགས་ནས།
གཅེས་ལོ་འདོ་བ་བཞིན་རྒྱུགས་དགོས།  ཉ་མོ་བཞིན་རྐྱལ་དགོས།
            ༤
དབྱངས་གསལ་གྱི་སྐེ་རྒྱན་ཕྲེང་ཐག་ལ་བརྒྱུས་ཏེ།
ཨ་ཞང་གིས་གཅེས་ལོར་གཏམ་རྒྱུད་ཀྱི་གསོལ་སྟོན་བཤམས་ཡོད་པས།
སྟོབས་ཀྱིས་བཞེས་ཤིག  ཤུགས་ཀྱིས་འཐུང་ཞིག
རི་མཐོན་པོའི་རྩེ་ནས།  ཆུ་གཙང་བོའི་འགྲམ་ནས།
མེ་ཏོག་ལྟ་བུའི་ཚེ་སྲོག  རླུང་རྟ་བཞིན་གཏོར་དགོས།
ལུག་ཁྱུ་བཞིན་འཚོ་དགོས།
          ༥
ཉི་འོད་དང་ཁ་དབུགས་དྭངས་ས་ནས།
ཟླ་འོད་དང་སྐར་ཚོགས་མང་ས་ནས།
ཨ་ཞང་གི་གཅེས་ལོ་ལམ་ལ་ཆས་ཤིག
རྐང་བ་གཉིས་དྲང་བོར་སྤོས་ཏེ།
སྤོབས་པ་ཆེན་པོའི་ལག་ཟུང་མཐོ་རུ་བསྲིངས་ནས།
ཉིན་མོ་སྤྲིན་པ་ཨེ་ཟིན་ལྟོས།
མཚན་མོར་ཟླ་བ་ཨེ་ལོན་ལྟོས།

    
                                      སློབ་གླིང་དུ།
                                      ༢༠༡༡ ལོའི་ཟླ ༡༢ པའི་ཚེས་༢༥ ཉིན་ལ།


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྣང་གསལ་རྡོ་རྗེ། ཨ་ཞང་གི་གཅེས་ལོ།

2011-12-27 ནམ་ལང་། ཀློག་གྲངས། མཆན ཡོད།

         གླེང་སློང་བ།
ངུ་ངག་དེ་གླུ་སྐད་ལས་ཀྱང་སྙན་གི
མིག་ཆུ་དེ་མུ་ཏིག་ལས་ཀྱང་གཙང་གི
ཨ་ཞང་གི་གཅེས་ལོ། སྣང་གསལ་རྡོ་རྗེ།
         ༡
མེ་ཏོག་ལྟར་གད་ཡོང་ཐལ། རླུང་བུ་བཞིན་ལྡང་ཡོང་ཐལ།
རྒྱང་རིང་གི་གནས་དེ་ནས། སུ་ཞིག་གིས་མངགས་པའི་ཕོ་ཉ་ཡིན།
དྭངས་གཙང་གིས་ཡོང་ནས། རྔམ་བརྗིད་ཀྱིས་གསོན་དགོས།
         ༢
བུ་ལོ་བསང་དུད་ལང་ལོང་གི་རྨུ་ཐག་ལ་འཇུས་ནས།
ངུ་ངག་གི་དབྱངས་རྟ་སྙན་མོ་དང་བཅས་མར་བབས་ཡོང་དུས།
སྣང་གསལ་རྡོ་རྗེ་ནི་ཨ་ཞང་གིས་གཅེས་ལོར་ཕུལ་བའི་སྨོན་ཚིག་དང་པོ་ཡིན།
སྨོན་ཚིག་འདི་མངོན་པར་ཤོག  སྨོན་ཚིག་འདི་རྒྱས་པར་ཤོག
          ༣
སྐར་ཆེན་ལྟ་བུའི་མིག་ཟུང་།  ཉི་འོད་ལ་ཕྱོགས་ནས་རྒྱང་རིང་ལ་ལྟོས་ཤིག
མཐའ་མེད་པའི་ཐང་ཆེན་ནས།  གཏིང་མེད་པའི་མཚོ་ཁུགས་ནས།
གཅེས་ལོ་འདོ་བ་བཞིན་རྒྱུགས་དགོས།  ཉ་མོ་བཞིན་རྐྱལ་དགོས།
            ༤
དབྱངས་གསལ་གྱི་སྐེ་རྒྱན་ཕྲེང་ཐག་ལ་བརྒྱུས་ཏེ།
ཨ་ཞང་གིས་གཅེས་ལོར་གཏམ་རྒྱུད་ཀྱི་གསོལ་སྟོན་བཤམས་ཡོད་པས།
སྟོབས་ཀྱིས་བཞེས་ཤིག  ཤུགས་ཀྱིས་འཐུང་ཞིག
རི་མཐོན་པོའི་རྩེ་ནས།  ཆུ་གཙང་བོའི་འགྲམ་ནས།
མེ་ཏོག་ལྟ་བུའི་ཚེ་སྲོག  རླུང་རྟ་བཞིན་གཏོར་དགོས།
ལུག་ཁྱུ་བཞིན་འཚོ་དགོས།
          ༥
ཉི་འོད་དང་ཁ་དབུགས་དྭངས་ས་ནས།
ཟླ་འོད་དང་སྐར་ཚོགས་མང་ས་ནས།
ཨ་ཞང་གི་གཅེས་ལོ་ལམ་ལ་ཆས་ཤིག
རྐང་བ་གཉིས་དྲང་བོར་སྤོས་ཏེ།
སྤོབས་པ་ཆེན་པོའི་ལག་ཟུང་མཐོ་རུ་བསྲིངས་ནས།
ཉིན་མོ་སྤྲིན་པ་ཨེ་ཟིན་ལྟོས།
མཚན་མོར་ཟླ་བ་ཨེ་ལོན་ལྟོས།

    
                                      སློབ་གླིང་དུ།
                                      ༢༠༡༡ ལོའི་ཟླ ༡༢ པའི་ཚེས་༢༥ ཉིན་ལ།


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།