མིག
མིག་ནང་གི་ཟེའུ་འབྲུ།
སྟོང་ཁམས་ཆེན་པོའི་ནང་གི་གོ་ལ་དང་འདྲ་གི།
འོད་ལམ་ལམ འོད་ལམ་ལམ
རྒྱ་མཚོ་སྐྱོམ་པའི་ཟོལ་གྱིས།
རི་རབ་ཉིལ་པའི་ཉམས་ཀྱིས་།
ཕྱོགས་གཅིག་ཉི་འོད་ལ་ཕྱོགས་ཤིང་།
ཕྱོགས་གཅིག་མུན་པ་དང་འབྲེལ་ཡོད།
སྙིང་ཉེ་བའི་ཟེའུ་འབྲུ།
སྲིད་པའི་སྤྱི་གཙུགས་ཀྱི་མེ་ལོང་རེད།
ཡང་ན་མེ་ལོང་དུ་ཤར་བའི་རང་ཉིད་རེད།
༢༠༡༡ ལོའི་ཟླ ༡༢ པའི་ཚེས ༢༣ ལ། སློབ་གླིང་དུ།
རྩོམ་ཁུངས། ངེད་དྲ་བ།