དད་པ་གཞན་ཞིག
ངས་སླར་ཡང་མིག་ཟུང་ཕྱེ་ཞིང མིག་ཟུང་བཙུམ་དུས
སྐྱེས་ཆེན་ཞིག་གིས་སྟོང་ཉིད་དང་ངེས་འབྱུང་གི་སྒོ་མོ་ཡངས་བོར་ཕྱེ་ཞིང
ཉམས་རྟོགས་ཀྱི་མགུར་གླུ་བྲག་ཆར་བསྐྱིལ་དུས
ང་ལ་དད་པ་གཞན་ཞིག་སྐྱེ་འོང
ངས་སླར་ཡང་མིག་ཟུང་ཕྱེ་ཞིང མིག་ཟུང་བཙུམ་དུས
བྱ་བྲལ་གྱི་རྟུལ་ཞུགས་བདག་གིར་འཛིན་པའི
གྲྭ་རྐྱང་ཞིག་གིས་རྟོགས་སད་ཀྱི་སྒྲིབ་པ་ཡང་ཡང་སྦྱངས་དུས
ང་ལ་དད་པ་གཞན་ཞིག་སྐྱེ་འོང
ངས་སླར་ཡང་མིག་ཟུང་ཕྱེ་ཞིང མིག་ཟུང་བཙུམ་དུས
དད་པ་དག་སྣང་གི་མཇལ་བ་ཞིག་གིས
དད་པ་དག་སྣང་གིས གསོལ་འདེབས་ཀྱི་ཐལ་མོ་སྙིང་ཀར་སྦྱར་དུས
ང་ལ་དད་པ་གཞན་ཞིག་སྐྱེ་འོང
རྩོམ་ཁུངས། ངེད་དྲ་བ།