རྡོ་བ་ཚེ་སྐྱིད་རྨ་ཆུར་ཡོང་སྟེ།
རྡོ་བ་ཚེ་སྐྱིད་རྨ་ཆུར་ཡོང་སྟེ
འབྲོག་སྡེ་ཆེན་པོ་ཞིག་རྒྱབ་ལྗོངས་བྱས་པའི་འདྲ་པར་ཁ་ཤས་རྒྱབ་ཅིང
གསང་བ་གཞན་ཞིག་ཨམ་ཕྲག་ལ་བཅུག་ནས་ཕྱིར་ཟི་ལིང་ལ་ཕྱིན་སོང
རྡོ་བ་ཚེ་སྐྱིད་རྨ་ཆུར་ཡོང་སྟེ
དཔལ་མགོན་གྱི་ཤྭ་ཡུ་མོ་ཤེའུ་ཟེར་བའི་རྡུང་ལེན་དེ་རང
ཤ་གཙབ་གཙབ་བྱས་སོང བྱེ་གཏུབ་གཏུབ་བྱས་སོང
དེ་ནི་ཁོ་མོས་ང་ཚོར་བཞག་པའི་དྲན་ཤིང་ཡང་མིན་ནམ
༢༠༠༧ལོར་ཕ་ཡུལ་དུ།
རྩོམ་ཁུངས། ངེད་དྲ་བ།