ལོང་བས་ལོང་བར་སྨྲས་པ།
ངས་བལྟས་ན་ནམ་མཁའ་ནི་དཀར་པོ་དཀར་རྐྱང་རེད
ངས་བལྟས་ན་ནམ་མཁའ་ནི་དམར་པོ་དམར་རྐྱང་རེད
ནམ་མཁའ་ནི་ནག་པོ་ཡིན་ཡང་སྲིད ནམ་མཁའ་ནི
དོན་དུ་སུས་ཀྱང་དཀར་དམར་གྱི་མདོག་ནི་རིག་མ་མྱོང
འོན་ཏེ ང་ཚོས་མ་གྲོས་གཅིག་མཐུན་གྱི་འུར་ཟིང་གིས
ལོང་བ་དག་གིས་འོལ་ཚོད་ཀྱིས་ཚོད་དཔག་བྱེད་ནུས་པར་ཧ་ལས་སོང
ལོང་བས་ལོང་བར་སྨྲས་པའི་གཏམ་དག་གིས་ང་ཚོ་ལོང་བར་བཟོས་པས
ད་ནི་མགྲིན་གཅིག་དབྱངས་གཅིག་གིས་ང་ཚོ་ལོང་བ་ཡིན་པ་སྒྲོག་འོས་སོ
མིག་ནི་ལྟ་བྱེད་མ་ཡིན་ཉན་བྱེད་དོ ཁ་ནི་སྨྲ་བྱེད་མ་ཡིན་སྲུང་བྱ་ཡིན
ཁ་རོག་གེར་སྡོད་ཅིག ཅི་ཡང་བཤད་མི་ཆོག ཁ་རོག་གེར་སྡོད་ཅིག
ནམ་མཁའ་ནི་ནམ་མཁའ་ཁོ་རང་གི་མདོག་ཡིན་པ་སེམས་ལ་ཟུངས་ཤིག
ཟས་ཞིམ་པོ་འདུག གོས་དྲོན་པོ་འདུག ད་ནི་ཁ་རོག་གེར་སྡོད་དང
རྩོམ་ཁུངས། ངེད་དྲ་བ།