གནས་མོ་བསོད་ནམས་སྒྲོལ་མ།
ཤོག་བུའི་ངོས་ཀྱི
འགུལ་གྱིན་པའི་ཡིག་འབྲུ་དག་གི་གསེབ་ཏུ་འབར་བར་རྩོམ་པའི
ཚོར་བ་ནི་མཚན་མོ་རིང་བོ་ཞིག་ལྷན་དུ་བསྐྱལ་བའི་སྙན་ངག་གོ
མི་ཚོ་ཕྱི་བལྟས་མེད་པར་འགྲོ་དུས
ངས་མཐའ་འཁོབ་ཀྱི་ཁྱོད་རང་ཡིད་ལ་ཡང་ཡང་དྲན་བྱུང
མི་ཚེ་ནི་ཁེར་རྐྱང་དང་སྐྱོ་ངལ་གྱིས་བཏུམས་པའི
འགྲུལ་བཞུད་ཐེངས་ཤིག་ཡིན་པའི་དབང་དུ་བཏང་ན
ཁྱོད་ནི་ས་ཚིགས་ཤིག་གི་ངའི་བདེ་མོ་འཇོག་ས་ལགས
རྩོམ་ཁུངས། ངེད་དྲ་བ།