ས་གཞི་འདི་གཞི་ནས་འཁྱགས་སོང་།
སེམས་པ་འགྱུར་བ་ཡིན་ནམ
ཡང་ན གནམ་ཟླ་འགྱུར་བ་ཡིན
གང་ལྟར ས་གཞི་འདི་ཧ་ཅང་འཁྱགས
ངས་གནས་མལ་ཞིག་གི་འཁྱགས་ཁ་ནས
སེམས་པ་འདི་དང་གོམ་ཁ་འདི
དྲོད་འཇམ་གྱི་གནས་གཞི་ཞིག་ལ་སྒྱུར་བར་བརྩམ
ཡིན་ཡང དྲོད་གྲང་གཉིས་ཀྱི་བར་མཚམས་ནས
ངས་ཅི་ཡང་རྙེད་མ་བྱུང
བསམ་གྱིན་བསམ་གྱིན་སེམས་པ་འདི་འཁྱགས་ལ་འབྱར
བསྡད་ཀྱིན་བསྡད་ཀྱིན་ས་གཞི་འདི་དར་ལ་གྱུར
ཨོ ཞིབ་འདང་རེ་བརྒྱབ་ན
འདི་ནི་དགུན་དུས་རེད
ཤེས་མེད་ཀྱི་ང ཚོར་གྱི་མེད་ང
ངོ་མ་གླེན་དྲགས་སོང
སྐྱི་གཡའ་བའི་གནམ་ཟླ
བག་སྤྲོ་བའི་སེམས་བྱུང
སུ་ཞིག་གི་གནས་མལ་ལ་སྐྱོ་གདུང་གི་དབུ་ཁྱུད་འབྲི་མཁན་ཡིན་ནམ
༢༠༢༢ལོའི་ཟླ་༡༡ཚེས༢༥ཉིན།
རྩོམ་ཁུངས། ངེད་དྲ་བ།