སེམས་ཁུར་ལྷག་མ་ཞིག
འོད་ཀྱི་ཐིག་ལེ་ཁུར་པའི་ལོ་མ་སེར་པོ་དེ།
སྐུ་ལོ་གང་གི་ཕུད་ཟིན་པའི་དབུ་ཞྭ་རལ་བོ་དེ་ཡིན་ནམ།
འཁྱག་ཤུར་ཤུར་ལྡིང་གྱིན་པའི་རླུང་བུའི་ལག་ཟུང་སྟོང་བ་དེ།
རྒད་པོ་སུ་ཞིག་གི་རེ་བའི་མཐའ་མ་དེ་ཡིན་ངེས།
སེམས་ཁ་ཕྱི་ལ་ཕྱོགས་ནས་ཡུན་རིང་ཞིག་འདས་རྗེས།
གངས་རི་འང་ནག་པོར་གྱུར་འདུག
ཁྲག་གི་མིག་ཆུ་འཛར་བའི་སེང་ཆེན་དེ་འང་།
རྐང་ལམ་ཁེར་སྐྱ་ཤིག་ལས།
དམྱལ་ཟངས་ལྟ་བུའི་མུན་པའི་གཏིང་རིམ་ཏུ་ཆས་སོང་།
རྩོམ་ཁུངས། ངེད་དྲ་བ།