མུན་ནག་དང་དྲག་རླུང་།
མུན་ནག་ནི་ཞེ་སྡང་འཛུམ་མདངས་ཀྱིས་དཀྲིས་པའི་ཁྲམ་པ་ཞིག
མྱུར་བགྲོད་ཀྱི་གོམ་པ་འཚུབ་བཞིན་འོང་།
དེ་དུས། ཟླ་བ་ནི་མཛའ་མོ་མེད་པའི་ཁེར་རྐྱང་གི་རྨས་མ་ཞིག
བསམས་གཞིགས་ཀྱི་ཨ་ཐང་ཆད་བཞིན་གཉིད།
དྲག་རླུང་ནི་ཧམ་སེམས་ཟོ་མང་ལ་བརྫུས་པའི་བསླུ་བྲིད་དེ།
རྩི་ཤིང་གི་སྐྲ་ལོ་ཤད་བཞིན་འོང་།
དེ་དུས། རི་རབ་ནི་གསེར་དངུལ་གྱི་རྒྱན་ཆ་བོར་བའི་མི་རྒན་ཞིག
འཁྱག་གྲང་གི་འདར་སིག་རྒྱག་བཞིན་ལུས།
རྩོམ་ཁུངས། ངེད་དྲ་བ།