སྨན་ཁང་གི་ཕྱི་རོལ།
རུས་ལ་ཟུག་པའི་ཟི་ལིང་གི་ལྷགས་པ་དེས།
ཚེ་ཡི་མཚོ་མོ་ལ་སྲིད་པའི་འཁོར་ལོ་དྲུབ།
དྲ་སུག་ལ་བཀལ་བའི་མར་རྩམ་དང་ཤ་རྡོག
དེ་ཉིད་མཐོང་བྱེད་ཀྱི་མིག་ཤེལ་རལ་བོ་ཞིག
སྒུར་ཏེ་འགྲོ་བ་དག་དྲང་མོར་མཐོང་ཞིང་།
གློ་ལུད་རྒྱག་མཁན་དག་གཞས་པར་སྤྲུལ།
འདུ་བྲལ་གཉིས་གཅིག་ཏུ་སེམས་པའི་དུས་སུ།
སྨན་ཁང་ནི་ལྷ་ཡུལ་གྱི་མཚེ་མའོ།།
སྨན་ཁང་ནང་གི་ཁམས་དང་མོས་པ།
གདོས་བཅས་ཀྱི་ཕུང་བོ་འདིས་བརྟན་ཆགས་སེ་མི་ཐེག་དུས།
ཁྱེད་ལ་ཡོད་པ་ནི་སྐར་ཁུང་ཅི་རིགས་སོ།།
2011.12.6ཉིན་མཚོ་སྔོན་བོད་སྨན་ཁང་ནས།
རྩོམ་ཁུངས། ངེད་དྲ་བ།