མིང་མེད།
མཁའ་དབྱིངས་མི་མཐོང་བའི་གྲོང་ཁྱེར་འདི་རུ
སླར་ཡང་ཉིན་མོ་གསར་བ་ཞིག་གི་ཡོལ་བ་ཡུན་གྱིས་ཕྱེས་སོང
ངས་ཀྱང་རང་ཉིད་ཀྱི་མིག་ཟུང་གཉིས་ལ་ཕུར་ཕུར་འགའ་བྱས་ཏེ
དེ་རིང་གི་བྱ་བཞག་དང་སང་ཉིན་གྱི་འཆར་གཞི་ལ
བསམ་གཞིགས་ཤིག་བྱེད་དགོས་བྱུང
རླངས་འཁོར་གྱི་འཛེར་སྒྲ་དང་མི་ཚོགས་གྱི་འགུལ་སྐྱོད
སྔར་ལྟར་རྒྱུན་ལྡན་ཡིན་ལ
ཡུལ་གྲུ་འདིའི་གྲུ་ཟུར་རེ་རེའང་ཧ་ཅང་ལྷིང་འཇགས་སུ་འཁུམས
ཏག་ཏག་སྐབས་འདི་ལ ཁོ་བོས་ཕ་ཡུལ་གྱི་རི་ཆུ་ནགས་གསུམ་དྲན་འོངས
རྩྭ་ཐང་སྟེང་གི་རྟ་ནོར་ལུག་གསུམ་དང
དེ་དག་གི་འཚེར་སྐད་དང་ངུར་སྒྲ འབའ་སྒྲ་བཅས་རེ་རེ་བཞིན
མིག་གིས་མཐོང་བྱུང་བ་དང་རྣ་བས་ཐོས་སོང་བ་ལྟ་བའི
ཚོར་འདུ་རྣོན་པོ་ཞིག་གིས་བསྣམས་ནས་ཐོན་བྱུང
དེ་དུས ངས་ཕ་ཡུལ་དྲན་པའི་འདུན་པ་དེ་ཇི་འདྲའི་དྲག་ཨང
ཡིན་ནའང དེ་ནི་སྲིད་པ་མ་ཡིན་ཏེ
ཡུལ་ཕ་མའི་བཀའ་རྡོ་དང་ཕ་ཨ་ཁུའི་རེ་བ
ནང་ན་ཟླའི་བརྩེ་བ་དེ་བསམ་ན
ངས་ཡང་བསྐྱར་རང་ཉིད་ལ་གཤགས་བཅོས་ཐེངས་ཤིག་མི་བྱེད་ག་མེད་བྱུང་སོང
གཤགས་བཅོས་དེ་དྲན་པའི་ཀློང་དང་སྐྱོ་བའི་ཁུག
སྡུག་པའི་རྩེ་ནས་བྱེད་དགོས་བྱུང
ངས་འདི་ལྟར་དྲན་ཏེ་དེ་ལྟར་སེམས་བཞིན་པའི་མོད་ལ
རང་དང་མལ་ཤག་གཅིག་པའི་གྲོགས་པོ་ཚོ
རེ་རེ་བཞིན་ནང་ཟས་སུ་འགྲོ་བཞིན་གདའ
ངས་ནི་དེ་སྔོན་ཕ་ཡུལ་ནས་བསྐུར་འོངས་བའི
རྩམ་ཁུག་དེ་དང་མར་ལོ་དེར་ཞིབ་ལྟ་ཞིག་བྱས་པ་ན
སེམས་ཅུང་ཙམ་བག་ཕེབས་སུ་གནས་བྱུང
སྤྱི་ལོ༢༠༡༡ལོའི་ཟླ༡༢པའི་ཚེས༣ཉིན།
རྩོམ་ཁུངས། ངེད་དྲ་བ།