པོ་ཏ་ལ།༼ཞར་བཀོད་གཅིག་ཡོད༽

ཧོར་ནག་པ་འདྲེ་མིག མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-05

ཕྱོགས་བཞི་མཚམས་བརྒྱད་ཀྱི་ནམ་མཁར་སྦྲེལ་བ་ནས
ངས་ཁྱེད་ཀྱི་ཞལ་ཁྱིམ་ངོ་མ་བོ་དེ་ས་གཞི་ནས་རྙེད་བྱུང་

མཛེས་སྡུག་གིས་འབར་བའི་ལོ་རྒྱུས་ཀྱི་རྡོ་རིང་ཁེར་རྐྱང་དེ་ཁྱེད་རང་མིན་ནམ
ཕུགས་བསམ་གྱིས་སྟོང་བའི་མྱ་ངམ་བྱང་ཐང་དེ་ཁྱེད་རང་མིན་ནམ

མཛེས་མ་ཡིན་ཟེར་བའི་བུ་མོ་ཞིག་གིས
ཁྱེད་ཀྱི་ཆེད་དུ་མིག་ཆུ་བཏོན་པ་ནས་བཟུང་
རལ་བ་གཤིག་མ་མྱོང་བའི་ཤ་རྒོད་དཔུང་ངར་ཅན་དེ་ཚོ་ཡང་
མོའི་མིག་ཆུ་ཡི་གཙང་བོས་འཁུར་ཏེ
དཔག་དཀའ་བའི་རྒྱ་མཚོ་ལ་འཐིམས་སོང་བ་མིན་ནམ

དེ་ནི་ མཐའ་མཚམས་མེད་པའི་མཚན་མོ་ཞིག་མིན་ནམ
མཚན་མོ་དེ་ལ་སྐྱ་རེངས་ཟེར་བ་ཞིག་ཡོད་དམ

བྱ་ཕོའི་སྐད་གསེང་གཅིག་གིས
ངས་ཁྱེད་རྡོ་ཡིས་གྲུབ་པའི་མི་ཡི་རྗེ་བོའི་ཕོ་བྲང་ཞིག་ཡིན་པ་རྙེད་སོང་ནའང་
མཐའ་འཁོར་ན་གནས་མཇལ་བ་ཡིན་ཟེར་བའི་རྒན་རྒོན་སྐོར་ཞིག་གིས
ཁྱེད་ལ་ད་དུང་ཕྱག་འཚལ་ཞིང་བསྐོར་བ་བརྒྱག
འོ་ན འདི་ནི་ཁྱེད་རང་ཡིན་ནམ
མིན་ན ཁྱེད་ངོ་མ་སུ་ཡིན

  
   སྤྲིན་པའི་ཕར་ངོགས་ཀྱི་ཁྱེད

 ནམ་མཁའ་ནི་ཕྱི་གསལ་ནང་གསལ་ཡིན་པས
ནམ་ཉིན་མར ཁྱེད་ཀྱི་ངོ་གདོང་དེ་ལྷང་ལ་འབུད་ངེས

སྤྲིན་པ་ནི་མིས་ཞོགས་ནངས་མོར་གྱོན་ཏེ་དགོང་ཉལ་ཁར་འཕུད་ཀྱིན་པའི
ཉིན་མཚན་རྟག་ཏུ་བརྗེ་གིན་པའི་གོན་པ་ཡིན་ན
སྤྲིན་པ་ལྟ་བུའི གོན་པ་ལྟ་བུའི
ཕྱི་ཤུན་སྲབ་མོ་དེའི་ཕར་ནང་ནས ཁྱོད་ཀྱིས
རང་ཉིད་ཀྱི་མགོ་བོ་མ་གཅོད

 
ཁ་སང ཁྱོད་ཀྱིས་བདག་གི་འོད་ཟེར་ཏེ
མེས་པོ་དགེ་ཆོས་མུན་པས་བཅོམ་སོང
ལུང་ཤར་ཚེ་རྒྱལ་གྱི་མིག་འབྲས་བཏོན་སོང་
རང་གྲོལ་དཔའ་བོ་རྒྱང་འཕུད་བཏང་སོང་
 
འདི་ནི འོད་ཟེར་གྱི་བདེན་དཔང་ཏེ
རང་ཉིད་བཤགས་བཅོས་བྱེད་སྤྱད་ཀྱི་རལ་གྲི་ཡིན་པས
ད་ནི ཁྱོད་ཀྱིས་བསམ་གཞིག་བྱེད་རན
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

པོ་ཏ་ལ།༼ཞར་བཀོད་གཅིག་ཡོད༽

2011-12-05 ཧོར་ནག་པ་འདྲེ་མིག ཀློག་གྲངས། མཆན ཡོད།

ཕྱོགས་བཞི་མཚམས་བརྒྱད་ཀྱི་ནམ་མཁར་སྦྲེལ་བ་ནས
ངས་ཁྱེད་ཀྱི་ཞལ་ཁྱིམ་ངོ་མ་བོ་དེ་ས་གཞི་ནས་རྙེད་བྱུང་

མཛེས་སྡུག་གིས་འབར་བའི་ལོ་རྒྱུས་ཀྱི་རྡོ་རིང་ཁེར་རྐྱང་དེ་ཁྱེད་རང་མིན་ནམ
ཕུགས་བསམ་གྱིས་སྟོང་བའི་མྱ་ངམ་བྱང་ཐང་དེ་ཁྱེད་རང་མིན་ནམ

མཛེས་མ་ཡིན་ཟེར་བའི་བུ་མོ་ཞིག་གིས
ཁྱེད་ཀྱི་ཆེད་དུ་མིག་ཆུ་བཏོན་པ་ནས་བཟུང་
རལ་བ་གཤིག་མ་མྱོང་བའི་ཤ་རྒོད་དཔུང་ངར་ཅན་དེ་ཚོ་ཡང་
མོའི་མིག་ཆུ་ཡི་གཙང་བོས་འཁུར་ཏེ
དཔག་དཀའ་བའི་རྒྱ་མཚོ་ལ་འཐིམས་སོང་བ་མིན་ནམ

དེ་ནི་ མཐའ་མཚམས་མེད་པའི་མཚན་མོ་ཞིག་མིན་ནམ
མཚན་མོ་དེ་ལ་སྐྱ་རེངས་ཟེར་བ་ཞིག་ཡོད་དམ

བྱ་ཕོའི་སྐད་གསེང་གཅིག་གིས
ངས་ཁྱེད་རྡོ་ཡིས་གྲུབ་པའི་མི་ཡི་རྗེ་བོའི་ཕོ་བྲང་ཞིག་ཡིན་པ་རྙེད་སོང་ནའང་
མཐའ་འཁོར་ན་གནས་མཇལ་བ་ཡིན་ཟེར་བའི་རྒན་རྒོན་སྐོར་ཞིག་གིས
ཁྱེད་ལ་ད་དུང་ཕྱག་འཚལ་ཞིང་བསྐོར་བ་བརྒྱག
འོ་ན འདི་ནི་ཁྱེད་རང་ཡིན་ནམ
མིན་ན ཁྱེད་ངོ་མ་སུ་ཡིན

  
   སྤྲིན་པའི་ཕར་ངོགས་ཀྱི་ཁྱེད

 ནམ་མཁའ་ནི་ཕྱི་གསལ་ནང་གསལ་ཡིན་པས
ནམ་ཉིན་མར ཁྱེད་ཀྱི་ངོ་གདོང་དེ་ལྷང་ལ་འབུད་ངེས

སྤྲིན་པ་ནི་མིས་ཞོགས་ནངས་མོར་གྱོན་ཏེ་དགོང་ཉལ་ཁར་འཕུད་ཀྱིན་པའི
ཉིན་མཚན་རྟག་ཏུ་བརྗེ་གིན་པའི་གོན་པ་ཡིན་ན
སྤྲིན་པ་ལྟ་བུའི གོན་པ་ལྟ་བུའི
ཕྱི་ཤུན་སྲབ་མོ་དེའི་ཕར་ནང་ནས ཁྱོད་ཀྱིས
རང་ཉིད་ཀྱི་མགོ་བོ་མ་གཅོད

 
ཁ་སང ཁྱོད་ཀྱིས་བདག་གི་འོད་ཟེར་ཏེ
མེས་པོ་དགེ་ཆོས་མུན་པས་བཅོམ་སོང
ལུང་ཤར་ཚེ་རྒྱལ་གྱི་མིག་འབྲས་བཏོན་སོང་
རང་གྲོལ་དཔའ་བོ་རྒྱང་འཕུད་བཏང་སོང་
 
འདི་ནི འོད་ཟེར་གྱི་བདེན་དཔང་ཏེ
རང་ཉིད་བཤགས་བཅོས་བྱེད་སྤྱད་ཀྱི་རལ་གྲི་ཡིན་པས
ད་ནི ཁྱོད་ཀྱིས་བསམ་གཞིག་བྱེད་རན
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།