རླུང་བུ་ལྗང་མདོག་གི་ལེའུ།

བསེ་ཆང་སངས་རྒྱས་དོན་གྲུབ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-12-04


ས་རྡུལ་གཅིག་དང་ཆུ་ཐིགས་གཅིག
དེའི་སྔ་རོལ་དུ་ལྡང་བའི་རླུང་བུ་གཤོག་ཐོགས
ས་རྡུལ་སྒུལ་བྱུང  ཆུ་ཐིགས་སྐྱོམ་སོང
མིག་མདུན་གྱི་ལྗོན་ཤིང་ཚོགས་ཀྱི་ལོ་འདབ
དུས་ཀྱི་འགྲོས་དང་བསྟུན་ནས
རླུང་གིས་དཀྲུགས་དཀྲུགས་བྱས
མེ་སྟག་གིས་སྨིན་པའི་སེར་ཐིགས་ཀྱི་ལོ་འདབ་དག
རླུང་ཁ་ནས་མི་ལོ་ག་ཚོད་ཅིག་བསྲིངས
དཔྱིད་ཁོ་ན་མ་གཏོགས་པའི་རླུང་བུ་ལྗང་མདོག་འདི
ཡོད་ཚད་ཅིག་གིས་ཁ་དོག་བསྒྱུར་བྱེད་ཀྱི་བདག་པོར་ངེས་ཀྱང
ས་རྡུལ་གཅིག་མེད་བརླག་དང
ཆུ་ཐིགས་གཅིག་སྐམ་འགྲོ་ཚུལ
ད་དུང སེར་ཐིགས་ཀྱི་རིས་བབས་པའི་ལོ་མ་དག
དུས་ཀྱི་རྒྱུད་སྐུད་ལ་འཐམས་འཁྱུད་གློད་ནས
རླུང་ཁ་ནས་ཡ་ཡོར་དུ་མར་ཟེགས་པ
ང་དང་ཁོར་ཡུག་གི་འགྲོ་སྟངས་ཀྱི་ཁ་དོག་ཁོ་ནའང་མ་ཡིན
སྒེའུ་ཁུང་ཕྱི་རོལ་དུ་རླུང་ལྡང་གིན་འདུག
གྲོང་ཁྱེར་འདིའི་ཁང་བརྩེགས་ཀྱི་ནགས་ཚལ་དང
མི་རེ་རེའི་སྟེང་ན  ཐང་ན་རྒྱུ་བའི་འབུ་སྲིན་ཀྱི་ཁྲོད
དལ་གྱིས་མི་སེམས་ཀྱི་སྲུབས་སུ་ལྡང་འོངས
རླུང་བུ་འདི  ངའི་མིག་ལམ་དུ
མུ་ཏིག་ལྗང་མདོག་ཅིག་ལྟར་འོད་དུ་འཚེར
                         2011-9-22ཉིན་པེ་ཅིན་དུ།
                                                                                                                                                                 
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རླུང་བུ་ལྗང་མདོག་གི་ལེའུ།

2011-12-04 བསེ་ཆང་སངས་རྒྱས་དོན་གྲུབ། ཀློག་གྲངས། མཆན ཡོད།


ས་རྡུལ་གཅིག་དང་ཆུ་ཐིགས་གཅིག
དེའི་སྔ་རོལ་དུ་ལྡང་བའི་རླུང་བུ་གཤོག་ཐོགས
ས་རྡུལ་སྒུལ་བྱུང  ཆུ་ཐིགས་སྐྱོམ་སོང
མིག་མདུན་གྱི་ལྗོན་ཤིང་ཚོགས་ཀྱི་ལོ་འདབ
དུས་ཀྱི་འགྲོས་དང་བསྟུན་ནས
རླུང་གིས་དཀྲུགས་དཀྲུགས་བྱས
མེ་སྟག་གིས་སྨིན་པའི་སེར་ཐིགས་ཀྱི་ལོ་འདབ་དག
རླུང་ཁ་ནས་མི་ལོ་ག་ཚོད་ཅིག་བསྲིངས
དཔྱིད་ཁོ་ན་མ་གཏོགས་པའི་རླུང་བུ་ལྗང་མདོག་འདི
ཡོད་ཚད་ཅིག་གིས་ཁ་དོག་བསྒྱུར་བྱེད་ཀྱི་བདག་པོར་ངེས་ཀྱང
ས་རྡུལ་གཅིག་མེད་བརླག་དང
ཆུ་ཐིགས་གཅིག་སྐམ་འགྲོ་ཚུལ
ད་དུང སེར་ཐིགས་ཀྱི་རིས་བབས་པའི་ལོ་མ་དག
དུས་ཀྱི་རྒྱུད་སྐུད་ལ་འཐམས་འཁྱུད་གློད་ནས
རླུང་ཁ་ནས་ཡ་ཡོར་དུ་མར་ཟེགས་པ
ང་དང་ཁོར་ཡུག་གི་འགྲོ་སྟངས་ཀྱི་ཁ་དོག་ཁོ་ནའང་མ་ཡིན
སྒེའུ་ཁུང་ཕྱི་རོལ་དུ་རླུང་ལྡང་གིན་འདུག
གྲོང་ཁྱེར་འདིའི་ཁང་བརྩེགས་ཀྱི་ནགས་ཚལ་དང
མི་རེ་རེའི་སྟེང་ན  ཐང་ན་རྒྱུ་བའི་འབུ་སྲིན་ཀྱི་ཁྲོད
དལ་གྱིས་མི་སེམས་ཀྱི་སྲུབས་སུ་ལྡང་འོངས
རླུང་བུ་འདི  ངའི་མིག་ལམ་དུ
མུ་ཏིག་ལྗང་མདོག་ཅིག་ལྟར་འོད་དུ་འཚེར
                         2011-9-22ཉིན་པེ་ཅིན་དུ།
                                                                                                                                                                 
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།