འཛུམ་ཆུང་ལྷུག་ལྷུག
ཉི་ཟེར་གྱི་འཛུམ་ཆུང་ལྷུག་ལྷུག
ང་ཡི་ཡོད་ཚད་ལ་འཇའ་ཚོན་སྤྲས
མུ་ཏིག་རྡོག་ཅིག་བྱེ་ཐང་ནས་རྙེད་པ་དང་འདྲ་བར
བུ་ཆུང་གིས་ང་ལ་ཅེར་ཏེ་དགོད་ཀྱིན་འདུག
ཤྭ་དང་ཡུ་མོ་ལྷིང་འཇགས་ཀྱི་རི་གསེབ་ཏུ་དགའ་བ་ཇི་བཞིན
ང་ཡིས་ཆུང་མ་རུམ་སྟེ་འཇིག་རྟེན་གྱི་ཡོད་ཚད་ལོངས་སུ་སྤྱད
ཆང་དམ་བུ་གང་མཐོ་རུ་འདེགས་ཐེངས་རེར
འཇིག་རྟེན་བཟི་སོང་ན་སྙམ
ང་རང་བཟི་སོང་ན་འདོད
གློག་སྒྲོན་གྱིས་མུན་པ་ཡོངས་སུ་བཅོམ་ཞིང
མཚན་མོར་ཟ་འཕྲུག་སློང་བར་བྱེད
མཚན་མོ་ནི་བདེ་ཐང་ངང་རོལ་ན
བུ་མོ་མེ་ཏོག་ཅན་ཞིག་རུམ་པ་དང་འདྲ
རྩོམ་ཁུངས། ངེད་དྲ་བ།