རྣམ་རྟོག་དགུ་འགྱུར་མ།

དགེ་བའི་གཤིས་སུ་གྲུབ་པའི་རྟོག་པ་འདི།།
དུས་ངན་སྙིགས་མའི་དུས་ན་སྐྱེ་དུས་མེད།།
སྐྱེས་ཀྱང་འཕྲུལ་དང་རྫས་ཀྱིས་བསླད་ནས་ཡོང་།།
རང་ཉིད་རང་ལ་དོགས་ན་འཇིགས་རེ་ཡེར།།
 
ཤ་དང་ཁྲག་གི་ལོངས་སྤྱོད་ཆེན་པོ་འདི།།
མགོ་ནག་མི་ལ་བྱིན་པའི་ཁ་ཟས་སམ།།
དེ་མིན་ཟས་ཤིག་འཚོལ་བར་བྲེལ་བའི་དུས།།
འཆི་བའི་འཇིགས་པ་ཉིད་ཀྱི་མགོ་ལ་བབས།།
 
ཁྱོད་ནི་བྲེལ་བྲེལ་ཟང་ཟིང་གང་དུ་འགྲོ།།
ང་ནི་ཁོམ་མེད་གཉིད་མེད་གང་དུ་འགྲོ།།
རང་རང་སོ་སོས་བཟོས་པའི་ལམ་ཁ་དེ།།
བདེན་དང་རྫུན་གྱི་དབྱེ་བ་འབྱེད་རེ་དཀའ།།
 
ཁྱོད་ཀྱིས་བཤད་ན་འཇིག་རྟེན་མཐའ་ཀླས་ཤིང་།།
ང་ཡིས་བལྟས་ན་དོག་མོ་ཙིག་ཁུང་འདྲ།།
རང་རང་སེམས་སུ་སྣང་བའི་འཁོར་བ་ན།།
རང་སེམས་རང་གིས་བསླུས་པ་ཡ་རེ་ང་།།
 
བདེ་མོའི་ཐང་ན་ཡོད་དུས་རི་གསེབ་དྲན།།
རི་བོའི་གསེབ་ཏུ་སྡོད་དུས་སྤང་གཤོང་དྲན།།
བདག་མེད་སེམས་ཀྱི་རྗེས་སུ་རྒྱུགས་རྒྱུགས་ན།།
རང་ཉིད་ཕོངས་པའི་གཞི་རུ་མ་ལགས་གྲང་།།
 
ཕ་དང་མ་ནི་འཁོར་བའི་ཐག་པ་དེ།།
དེ་ཉིད་དོར་བའི་མི་དེ་དམ་པ་ཞིག།
བུ་དང་ཆུང་མ་ཉོན་མོངས་འཕེལ་བའི་གཞི།།
གཞི་ལམ་འབྲས་པའི་བཀག་རྡོ་ཉིད་དུ་གྱུར།།
 
ཐར་བ་ཟེར་ནས་རྒྱུགས་ས་གང་དུ་མེད།།
དམྱལ་བ་ཟེར་ནས་ལྷུང་ས་གང་དུ་མེད།།
བདག་མེད་སེམས་ཀྱིས་བཟོས་པའི་ཕོ་བྲང་དེ།།
བསམ་ཞིང་སྒོམ་ན་སྟོང་བའི་ཁམས་ཤིག་རེད།།
 
མཛའ་གཅུགས་གྲོགས་ཞེས་བློ་ནི་འགེལ་ས་མེད།།
ཚེ་གཅིག་དགྲ་ཞེས་རང་སེམས་སྡང་ས་མེད།།
སྐབས་རེར་གྲོགས་དང་ལན་རེར་དགྲ་ཡིན་པ།།
འཇིག་རྟེན་འཁོར་བའི་གསེང་དུ་ཡིབས་ནས་ཡོད།།
 
ཀ་དག་སེམས་ཤིག་བྱིས་པའི་བློ་ན་གནས།།
འཁྲལ་འཁྲུལ་བློ་ཞིག་མི་ཆེན་ཁོག་ཏུ་སྦས།།
མི་ཆེན་ཟེར་ནས་རང་བློ་འགེལ་ས་མེད།།
བྱིས་པ་ཟེར་ནས་མཐོང་ཆུང་བྱེད་ས་མེད།།
 
ཡུལ་གྱི་འགྱུར་བ་དྲན་དུས་ཡིད་རེ་སྐྱོ།།
དུས་ཀྱི་མྱུར་ཚད་བསམ་ན་འཕང་སེམས་རེ།།
རང་ཉིད་རྟག་པ་ཡིན་པ་བློས་བཟོས་ནས།།
འཆི་བའི་སྒོ་ལ་སྐད་ཅིག་ཉིད་དུ་འབྱོར།།
       ༢༠༡༢ལོའི་ཟླ༢པའི་ཚེས༡༨དགོང་མོ་རང་ཤག་ཏུ་སྦྱར།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྣམ་རྟོག་དགུ་འགྱུར་མ།

2012-02-26 ཆོས་ཤུལ་གསང་བདག ཀློག་གྲངས། མཆན ཡོད།

དགེ་བའི་གཤིས་སུ་གྲུབ་པའི་རྟོག་པ་འདི།།
དུས་ངན་སྙིགས་མའི་དུས་ན་སྐྱེ་དུས་མེད།།
སྐྱེས་ཀྱང་འཕྲུལ་དང་རྫས་ཀྱིས་བསླད་ནས་ཡོང་།།
རང་ཉིད་རང་ལ་དོགས་ན་འཇིགས་རེ་ཡེར།།
 
ཤ་དང་ཁྲག་གི་ལོངས་སྤྱོད་ཆེན་པོ་འདི།།
མགོ་ནག་མི་ལ་བྱིན་པའི་ཁ་ཟས་སམ།།
དེ་མིན་ཟས་ཤིག་འཚོལ་བར་བྲེལ་བའི་དུས།།
འཆི་བའི་འཇིགས་པ་ཉིད་ཀྱི་མགོ་ལ་བབས།།
 
ཁྱོད་ནི་བྲེལ་བྲེལ་ཟང་ཟིང་གང་དུ་འགྲོ།།
ང་ནི་ཁོམ་མེད་གཉིད་མེད་གང་དུ་འགྲོ།།
རང་རང་སོ་སོས་བཟོས་པའི་ལམ་ཁ་དེ།།
བདེན་དང་རྫུན་གྱི་དབྱེ་བ་འབྱེད་རེ་དཀའ།།
 
ཁྱོད་ཀྱིས་བཤད་ན་འཇིག་རྟེན་མཐའ་ཀླས་ཤིང་།།
ང་ཡིས་བལྟས་ན་དོག་མོ་ཙིག་ཁུང་འདྲ།།
རང་རང་སེམས་སུ་སྣང་བའི་འཁོར་བ་ན།།
རང་སེམས་རང་གིས་བསླུས་པ་ཡ་རེ་ང་།།
 
བདེ་མོའི་ཐང་ན་ཡོད་དུས་རི་གསེབ་དྲན།།
རི་བོའི་གསེབ་ཏུ་སྡོད་དུས་སྤང་གཤོང་དྲན།།
བདག་མེད་སེམས་ཀྱི་རྗེས་སུ་རྒྱུགས་རྒྱུགས་ན།།
རང་ཉིད་ཕོངས་པའི་གཞི་རུ་མ་ལགས་གྲང་།།
 
ཕ་དང་མ་ནི་འཁོར་བའི་ཐག་པ་དེ།།
དེ་ཉིད་དོར་བའི་མི་དེ་དམ་པ་ཞིག།
བུ་དང་ཆུང་མ་ཉོན་མོངས་འཕེལ་བའི་གཞི།།
གཞི་ལམ་འབྲས་པའི་བཀག་རྡོ་ཉིད་དུ་གྱུར།།
 
ཐར་བ་ཟེར་ནས་རྒྱུགས་ས་གང་དུ་མེད།།
དམྱལ་བ་ཟེར་ནས་ལྷུང་ས་གང་དུ་མེད།།
བདག་མེད་སེམས་ཀྱིས་བཟོས་པའི་ཕོ་བྲང་དེ།།
བསམ་ཞིང་སྒོམ་ན་སྟོང་བའི་ཁམས་ཤིག་རེད།།
 
མཛའ་གཅུགས་གྲོགས་ཞེས་བློ་ནི་འགེལ་ས་མེད།།
ཚེ་གཅིག་དགྲ་ཞེས་རང་སེམས་སྡང་ས་མེད།།
སྐབས་རེར་གྲོགས་དང་ལན་རེར་དགྲ་ཡིན་པ།།
འཇིག་རྟེན་འཁོར་བའི་གསེང་དུ་ཡིབས་ནས་ཡོད།།
 
ཀ་དག་སེམས་ཤིག་བྱིས་པའི་བློ་ན་གནས།།
འཁྲལ་འཁྲུལ་བློ་ཞིག་མི་ཆེན་ཁོག་ཏུ་སྦས།།
མི་ཆེན་ཟེར་ནས་རང་བློ་འགེལ་ས་མེད།།
བྱིས་པ་ཟེར་ནས་མཐོང་ཆུང་བྱེད་ས་མེད།།
 
ཡུལ་གྱི་འགྱུར་བ་དྲན་དུས་ཡིད་རེ་སྐྱོ།།
དུས་ཀྱི་མྱུར་ཚད་བསམ་ན་འཕང་སེམས་རེ།།
རང་ཉིད་རྟག་པ་ཡིན་པ་བློས་བཟོས་ནས།།
འཆི་བའི་སྒོ་ལ་སྐད་ཅིག་ཉིད་དུ་འབྱོར།།
       ༢༠༡༢ལོའི་ཟླ༢པའི་ཚེས༡༨དགོང་མོ་རང་ཤག་ཏུ་སྦྱར།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།